10976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཁར་གསིལ་བཅང་བའི་ཆོས་ཉེར་ལྔ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་འཁར་གསིལ་གྱི་མདོ་ལས་བྱུང་བ་སྟེ།

1.ས་ལ་སྦྲུལ་ཡོད་པ་བསྲུང་བའི་ཕྱིར་བཅང་བར་བྱ་བ། 2.བརྒལ་བའི་ཕྱིར་བཅང་བར་བྱ་བ། 3.བསོད་སྙོམས་སྤྱོད་པའི་ཕྱིར་བཅང་བར་བྱ་བ། 4.འབྱུང་ཞིང་འཇུག་པའང་སྐུ་གཟུགས་མཐོང་བའི་ཚེ་སྒྲ་དབྱུང་བར་བྱ་བ། 5.འཁར་གསིལ་ཐོགས་ནས་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱ་བ། 6.དྲོ་ཡོལ་ཕན་ཆད་འཁར་གསིལ་ཐོགས་ནས་འགྲོ་བར་མི་བྱ་བ། 7.ཕྲག་པ་གཉིས་ལ་བཀལ་ཏེ་མགོ་བོ་གཉིས་ལ་དཔྱང་བར་མི་བྱ་བ། 8.ཕྲག་པར་བསྐུར་བར་མི་བྱ་བ། 9.ལག་པས་སྐྱོག་པར་མི་བྱ་བ། 10.འཁར་གསིལ་ཐོགས་ནས་བཤད་ཅིའི་སར་འགྲོ་བར་མི་བྱ་བ། 11.མཁན་པོ་དང་། སློབ་དཔོན་འཁར་གསིལ་ཐོགས་ཏེ་འགྲོ་པའི་རྗེས་བཞིན་དུ་འགྲོ་བར་མི་བྱ་བ། 12.གང་ཟག་བཞི་ཡན་ཆོད་འཁར་གསིལ་ཐོགས་ཏེ་འགྲོ་བའི་རྗེས་ནས་འཁར་གསིལ་ཐོགས་ཏེ་འགྲོ་བར་མི་བྱ་བ། 13.ཡོན་བདག་གི་ཁྱིམ་དུ་ཕྱིན་ནས་འཁར་གསིལ་ལུས་དང་བྲལ་བར་མི་བྱ་བ། 14.ཡོན་བདག་གི་སྒོར་ཕྱིན་པ་དང་ལན་གསུམ་གྱི་བར་དུ་དཀྲོལ་བར་བྱའོ། ། གལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ། ། ལན་དེ་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ། ། ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ་དཀྲོལ་བར་བྱ་བ། 15.བདོག་ཕྱིར་ཕྱུང་ན་འཁར་གསིལ་ལག་པ་གཡས་པ་ལ་བསྙེས་ཏེ་བཞག་པར་བྱ་བ། 16.གནས་ཁང་ན་བཞག་པའི་ཚེ་ས་ལ་རེག་པར་མི་བྱ་བ། 17.རྟག་ཏུ་གར་ཉལ་བའི་ཁྲིའི་དྲུང་དུ་ཉེ་བར་བཞག་པར་བྱ་བ། 18.སྐབས་སྐབས་སུ་ཕྱི་བདར་བྱ་བ། 19.འཁར་གསིལ་གྱི་མགོ་ཡ་ཡོ་མེད་པར་བྱ་བ། 20.བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མི་བྱ་བ། 21.ནད་པའི་སར་མཚན་མོ་གནས་ན་འཁར་གསིལ་བསྐུར་བར་བྱ་བ། 22.ལམ་རིང་པོར་སྐྱེལ་དུ་འགྲོ་ན་འཁར་གསིལ་བསྐུར་བར་བྱ་བ། 23.ལམ་རིང་པོ་ནས་མགྲོན་དུ་གཉེར་བ་ཡོད་དེ། དེར་འགྲོ་ཞིང་འདུག་དགོས་པར་གྱུར་ནའང་འཁོར་གསལ་བསྐུར་བར་བྱ་བ། 24.ག་ཤེད་དུ་འགྲོ་དགོས་པར་གྱུར་ནའང་འཁར་གསིལ་བསྐུར་བར་བྱ་བ། 25.བདག་གི་དྲུང་དུ་བསྙེན་པར་བྱ་བའི་ཕྱིར་གཞན་ལ་རེག་ཅིང་ས་ལ་རི་མོ་བྲི་བར་བྱའོ། །

Tibetan Source 《མདོ་ལ་པ》ཤ419ན3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number