10979

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གྲངས་ཅན་དག་གིས་བརྟགས་པའི་དེ་ཉིད་ཉི་ཤུ་རྩ་ལྔ།
Tibetan Alternate
Tibetan Definition དེ་ཡང་། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་ལས་བྱུང་བ་སྟེ།

1.གཙོ་བོ་ནི་རང་བཞིན་ཏེ། སྙིང་སྟོབས་དང་། རྡུལ་དང་། མུན་པ་ཆ་མཉམ་པ་མི་གསལ་བའོ། ། 2.ཆེན་པོ་ནི་བློའི་རྣམ་གྲངས་སོ། ། 3.ངར་འཛིན་པ་ནི། གང་གིས་ང་དང་ང་ཡི་ཞེས་མངོན་པར་རློམ་པའོ། ། 4.བློའི་དབང་པོ་ལྔ་སྟེ། (1)མིག (2)རྣ་བ། (3)སྣ། (4)ལྕེ། (5)ལུས་ཞེས་བྱ་བ་དག་གོ ། 5.ལས་ཀྱི་དབང་པོ་ལྔ་སྟེ། (1)ངག (2)ལག་པ། (3)རྐང་པ། (4)རྐུབ། (5)མདོམས་ཞེས་བྱ་བའོ། ། 6.བདག་ནི་བློ་དང་ལས་ཀྱི་དབང་པོ་ཞེས་བྱ་བའི་གཞི་གའི་བདག་ཉིད་དོ། ། 7.དེ་ཙམ་ལྔ་སྟེ། (1)གཟུགས་དེ་ཙམ། (2)སྒྲ་དེ་ཙམ། (3)དྲི་དེ་ཙམ། (4)རོ་དེ་ཙམ་། (5)རེག་པ་དེ་ཙམ་མོ། ། 8.འབྱུང་བ་ཆེན་པོ་ལྔ་སྟེ། (1)ས། (2)ཆུ། (3)མེ། (4)རླུང་། (5)ནམ་མཁའོ། ། 9.སྐྱེས་བུ་ནི་ཤེས་པ་ཉིད་ཡོད་པ་ཅེས་བྱའོ། །

Tibetan Source 《བསྟན་འགྱུར་དབུ་མ་ཚ་པ》ཤ89བ6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number