10987
Jump to navigation
Jump to search
Tibetan | དུས་ཀྱི་འཁོར་ལོའི་བརྟུལ་ཞུགས་ཉེར་ལྔ། |
---|---|
Tibetan Alternate | |
Tibetan Definition | གསོད་རྫུན་རྐུ་དང་འདོད་ལོག་ཆང་འཐུང་བ། ། སྤང་བྱ་སློབ་པའི་གཞི་ལྔ་ཞེས་སུ་བཤད། ། ཆོ་ལོ་ཁ་ན་མ་ཐོའི་ཟས་ཟ་དང་། ། རང་ཚིག་འབྱུང་པོ་ལྷ་མིན་ཆོས་སྤོབས་པ། ། རྣམ་པ་ལྔ་ནི་བྱ་བ་མིན་པ་ལྔའོ། ། བ་ལང་བྱིས་པ་སྐྱེས་པ་བུད་མེད་དང་། ། མཆོད་རྟེན་བསྙེན་པ་གསོད་པ་ལྔ་རུ་གྲགས། ། རྗེ་གྲོགས་རྗེ་བོ་སངས་རྒྱས་དགེ་འདུན་དང་། ། བླ་མར་ཁོང་ཁྲོ་བསྒོམ་རྣམས་འཁུ་བ་ལྔ། ། མིག་དང་རྣ་བ་སྣ་ལྕེ་ཡིད་དབང་ལྔ། ། ཞེན་པར་མི་བྱེད་བརྟུལ་ཞུགས་ཉེར་ལྔ་སྟེ། ། དེ་ཡང་།
1.གསོད། 2.རྫུན། 3.རྐུ། 4.འདོད་ལོག 5.ཆང་འཐུང་བ་(དེ་རྣམས་སྤང་བྱ་སློབ་པའི་གཞི་ལྔ་ཞེས་སུ་བཤད) 6.ཆོ་ལོ། 7.ཁ་ན་མ་ཐོའི་ཟས་ཟ་བ། 8.རང་ཚིག 9.འབྱུང་པོ། 10.ལྷ་མིན་ཆོས་སྤོབས་པ་(དེ་རྣམས་ལྔ་ནི་བྱ་བ་མིན་པ་ལྔའོ) 11.བ་ལང་། 12.བྱིས་པ། 13.སྐྱེས་པ། 14.བུད་མེད། 15.མཆོད་རྟེན་བསྣུན་པ་(དེ་རྣམས་ནི་གསོད་པ་ལྔའོ) 16.རྗེ་གྲོགས། 17.རྗེ་བོ། 18.སངས་རྒྱས། 19.དགེ་འདུན། 20.བླ་མར་ཁོང་ཁྲོ་བསྒོམ་(དེ་རྣམས་ནི་འཁུ་བ་ལྔའོ) 21.མིག 22.རྣ་བ། 23.སྣ། 24.ལྕེ། 25.ཡིད་དབང་བཅས་ལྔ་སྟེ། ཞེན་པར་མི་བྱེད་བཅས་སོ། ། |
Tibetan Source | 《དུང་དཀར་ཚིག་མཛོད》ཤ1083.9ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |