10993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བུད་མེད་ལུས་ཀྱི་སྲིན་བུའི་ཚོགས་ཉེར་ལྔ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཀྱི་ཕུང་པོའི་མདོ་ལས་བྱུང་བ་སྟེ།

1.བུད་མེད་ཀྱི་མགོ་ཀླད་པའི་ནང་ན་སྲིན་བུའི་ཚོགས་འཕྲོག་བྱེད་ཉེས་བྱ་བ་ཡོད་དེ། དེ་དག་བུད་མེད་ཀྱི་ཀླད་པ་ལ་ཟ་བར་བྱེད་དོ། ། 2.བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་ཁ་སྤུ་ཟ་སྟེ། དེས་ན་བུད་མེད་ལ་ཁ་སྤུ་མི་སྐྱེའོ། ། 3.བུད་མེད་ཀྱི་རྣ་ཁུང་ན་སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ལ་ཟ་ཞིང་བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་དོ། ། 4.བུད་མེད་ཀྱི་མགྲིན་པའི་མཚམས་དང་། མགོ་བོའི་མཚམས་ལ་སྲིན་བུའི་ཚོགས་ཞེན་བྱེད་ཅེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ལ་ཟ་ཞིང་བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་ལ་མིག་ཀྱང་རྣོ་བར་བྱེད་དོ། ། སྐྱེས་པའི་རྣ་བ་ལ་མི་འབིགས་ཀྱི་བུད་མེད་ཀྱི་རྣ་བ་ལ་འབིགས་སོ། ། 5.བུད་མེད་ལ་སྲིན་བུའི་ཚོགས་ཨ་བ་རེ་བ་ན་ཞེས་བྱ་བ་དག་ཡོད་དེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ཁ་ལ་ཟ་སྟེ། དེས་ན་བུད་མེད་ཀྱི་མགུལ་དམའ་བ་ཡིན་ཏེ། སྐྱེས་པ་ལ་ནི་དེ་ལྟ་བུ་མེད་དོ། ། 6.བཟའ་བ་དང་། བཅའ་བ་ཁར་བཅུག་མ་ཐེག་ཏུ་ཐོག་མར་དེ་དག་ཟ་བར་བྱེད་དོ། ། 7.དེ་དག་ཉལ་ཉིལ་བུད་མེད་ཀྱི་ནུ་མའི་ནང་དུ་འཇོག་སྟེ། དེས་ན་བུད་མེད་ཀྱི་ནུ་མ་འཕྱང་བ་ཡིན་ནོ། ། 8.གང་གི་ཚེ་བུད་མེད་སྦྲུམ་པར་གྱུར་པ་དེའི་ཚེ་སྲིན་བུ་དེ་དག་ཀྱང་སྦྲུམ་པར་གྱུར་ཏེ། དེས་ན་བུད་མེད་ཀྱི་ནུ་ཞོ་མང་བ་ཡིན་ནོ། ། 9.བུད་མེད་ཀྱི་ལུས་ཀྱི་ནང་མངལ་གྱི་གནས་གང་ན་མངལ་ཡོད་ པའི་ཕྱོགས་དེ་ན་སྲིན་བུ་ཟད་པར་བྱེད་པ་དཔའ་བ་ཞེས་བྱ་བ་ག་ཡོད་དེ། དེ་དག་སྲིན་བུ་རབ་ཏུ་ལྡེག་བྱེད་ཅེས་བྱ་བ་དག་བསད་ནས་ཟའོ། 10.དེ་དག་སྲིན་བུ་རབ་ཏུ་ལྡེག་བྱེད་དེ་དག་མ་རྙེད་ན་དེ་དག་ཀྱང་འཆིའོ། ། 11.སྲིན་བུའི་ཚོགས་དེ་གཉིས་ཀ་ཤི་སྟེ་མེད་པ་དང་། ཕ་མ་འདུས་པ་ལས་མངལ་ཆགས་པར་འགྱུར་རོ། ། 12.-15.བུད་མེད་ཀྱི་ལུས་ལ་ལུས་ཀྱི་ནང་སྐྱེ་གནས་ཀྱི་སྒོ་ན་སྲིན་བུའི་ཚོགས་བཞི་ཡོད་དེ། འདི་ལྟ་སྟེ། (1)མཆུ་མཆོག་ཅེས་བྱ་བ་དང་། (2)གོང་བུ་སྦེད་ཅེས་བྱ་བ་དང་། (3)རླུང་འབྱིན་ཅེས་བྱ་བ་དང་། (4)འདོད་ལེན་ཅེས་བྱ་བ་སྟེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ལུས་ལ་ཟ་སྟེ། དེས་ན་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབར་བར་བྱས་ཏེ་འདོད་པ་ཡོངས་སུ་སྤྱད་པས་མི་ངོམས་པ་ཡིན་ནོ། ། དེ་ལྟ་བས་ན། དེ་བཞིན་གཤེགས་པས་བུད་མེད་ཀྱི་སྐྱོན་ཆེས་ལྷག་པ་དེ་དག་མཁྱེན་ནས་བསླབ་པའི་གཞི་ལྷག་པ་དང་བཅའ་བར་མཛད་དོ། ། (སྐབས་འདིར་གསུངས་པ་ནི་སྲིན་བུའི་ཚོགས་ནི་འདི་ཙམ་ལགས་ཤིང་མདོ་གཞན་དུ་འདིའི་སྐོར་གསལ་ན་ཁ་སྐོང་བྱ་རྒྱུ།)

Tibetan Source 《མདོ་ཝ་པ་》ཤ་48བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number