10996

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འབྲས་ཆོས་ཉི་ཤུ་རྩ་ལྔ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1.གཞི་བརྟེན་པའི་སྐུ་ལྔ་ནི། (1) ཆོས་སྐུ་མཐའ་བྲལ་རྣམ་དག་གི་ཡེ་ཤེས་སྐུ་བཞིའི་རྟེན་བྱེད་པ་ནི་ཆོས་སྐུ། (2)ཆོས་ཐམས་ཅད་སྣང་ལ་འཛིན་མེད་དུ་སྤྱོད་ཅིང་། ཡོན་ཏན་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་པའི་སྐུའི་རྟེན་བྱེད་པ་ལོངས་སྐུ། (3)ཆོས་སྐུ་ལས་མ་གཡོས་པར་གདུལ་བྱའི་བློ་དང་མཐུན་པར་སྤྲུལ་ནས། གང་ལ་གང་འཚམས་སུ་སྟོན་པ་ཡེ་ཤེས། ཡོན་ཏན་གྱི་རྟེན་བྱེད་པ་ནི་སྤྲུལ་པའི་སྐུ། (4)སྟོང་རིག་དབྱེར་མི་ཕྱེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་རྟེན་བྱེད་པ་ནི་རྡོ་རྗེའི་སྐུ། (5)ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་སུ་གསལ་བ་ནི། མངོན་བྱང་གི་སྐུའོ། ། 2.གོ་བརྡ་སྤྲོད་པའི་གསུང་ལྔ་ནི། (1)བརྗོད་བྲལ་རྣམ་དག་གི་ཡེ་ཤེས་བསམ་བརྗོད་ཀྱི་གཞིར་གྱུར་པ་དོན་གྱི་གསུང་། (2)སྐུ་མཐོང་བས་དོན་གྱི་བརྡ་འཕྲོད་པའི་ཡེ་ཤེས་ནི་དགོངས་པ་བརྡའི་གསུང་། (3)གདུལ་བྱའི་ངོར་ཚིག་རེ་རེས་དོན་རེ་གོ་བའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་བྱིན་རླབས་ཀྱིས་དོན་གསལ་བར་བྱེད་པ་ཚིག་གི་གསུང་། (4)གྲགས་སྟོང་གཉིས་མེད་ཀྱི་གོ་བརྡ་འཕྲོད་པའི་ཡེ་ཤེས་ནི་རྡོ་རྗེའི་གསུང་། (5)གསུང་དབྱངས་ཡན་ལག་དྲུག་ཅུས་རིགས་དྲུག་ལ་བརྡ་སྤྲོད་པ་སྒྲ་སྐད་ཐམས་ཅད་རང་རིག་པར་གསལ་བའི་ཡེ་ཤེས་ནི་མངོན་བྱང་གི་གསུང་ངོ་། ། གསུང་ལྔ་པོ་ལ་ཡང་ངོ་བོ་བརྡ་སྤྲོད་པ་གཅིག་ལ། བརྗོད་ཚུལ་རྟོགས་པ་ཐ་དད་དོ། ། 3.མཁྱེན་པའི་ཡེ་ཤེས་ཀྱི་ཐུགས་རྗེ་ལྔ་ནི། (1)ཆོས་ཉིད་སྟོང་པ་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་ཐུགས། (2)ཆོས་ཐམས་ཅད་གསལ་བར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཐུགས། (3)ཆོས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཐུགས། ། (4)ཆོས་ཐམས་ཅད་སྣང་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེའི་ཐུགས། (5)ཞེན་མེད་ཡེ་ཤེས་ཀྱི་ལས་བཞིས་འགྲོ་དོན་མཛད་པ་ནི་འགྲོ་བ་སྒྲོལ་བའི་ཐུགས་སོ། ། 4.དགོས་པ་འབྱུང་བའི་ཡོན་ཏན་ལྔ་ནི། (1)ཞིང་ཁམས་ནི། ། ཆོས་སྐུའི་ཞིང་ཁམས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའོ། ། ལོངས་སྐུའི་ཞིང་ཁམས་རང་གསལ་འོད་ཀྱི་འཁོར་ལོའོ། ། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་མི་མཇེད་དོ། ། (2)གཞལ་ཡས་ནི། ཆོས་སྐུའི་གཞལ་ཡས་འོག་མིན་ཆོས་ཀྱི་དབྱིངས། ལོངས་སྐུའི་གཞལ་ཡས་རང་སྣང་ཡེ་ཤེས། སྤྲུལ་སྐུའི་གཞལ་ཡས་རང་སྣང་དཀྱིལ་འཁོར་རོ། ། (3)འོད་ཟེར་ནི། ཆོས་སྐུ་ལ་ཡེ་ཤེས་ལྔའི་འོད་ཟེར། ལོངས་སྐུའི་འོད་ཟེར་ཡེ་ཤེས་ཀྱི་རང་མདངས་འོད་ལྔ་རུ་འབར་བ། སྤྲུལ་སྐུའི་འོད་ཟེར་སྐུའི་གནས་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་ཡོད་པར་གསུངས་སོ། ། (4)གདན་ཁྲི་ནི། ཆོས་སྐུ་ལ་ལྟ་བ་ཁ་སྦྱོར། ལོངས་སྐུ་ལ་ཤེས་རབ་ཁ་སྦྱོར། སྤྲུལ་སྐུ་ཐུགས་རྗེ་ཁ་སྦྱོར་གྱི་གདན་ཁྲིའོ། ། (5)རྒྱན་ཆ་ནི། ཆོས་སྐུ་ལ་སྐྱེ་མེད་རྣམ་དག་གི་རྒྱན། ལོངས་སྐུ་ལ་འགགས་མེད་རང་གསལ་གྱི་རྒྱན་ཏེ། ཐུན་མོང་མ་ཡིན་པའི་མཚན་དཔེ་དང་། རྟགས་ཀྱི་རྒྱན་བཅུ་སྟེ། [1]དབུ་རྒྱན། [2]སྙན་རྒྱུན། [3]མགུལ་རྒྱུན། [4]དོ་ཤལ། [5]དཔུང་རྒྱན། [6]ཕྱག་གདུབ་གཉིས། [7]ཞབས་གདུབ་གཉིས། [8]སེ་མོ་དོའོ། ། སྤྲུལ་སྐུའི་རྒྱན་ཐུན་མོང་གི་མཚན་དང་དཔེ་བྱད་དོ། ། 5.གཞན་དོན་བྱེད་པའི་ཕྲིན་ལས་ལྔ་ནི། (1)ལས་དང་ཉོན་མོངས་དགྲ་བགེགས་ཐམས་ཅད་མེད་པ་ནི་ཞི་བའི་ལས། (2)ཚེ་དང་བསོད་ནམས་རང་རིག་པའི་ཡེ་ཤེས་རྒྱས་པར་སྟོན་པ་རྒྱས་པའི་ལས། (3)སེམས་དང་རིག་པ་འཁོར་འདས་ཐམས་ཅད་དབང་དུ་འདུས་པ་དབང་གི་ལས། (4)མི་མཐུན་པའི་དབྱིངས་ཐམས་ཅད་ཚར་གཅོད་པ་དྲག་པོའི་ལས། (5)གནས་ལུགས་མངོན་དུ་གྱུར་པ་ནི་མངོན་སྤྱོད་ཀྱི་ལས་སོ། །

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ》ཤ69བ2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number