10997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འབྲས་ཆོས་ཉེར་ལྔ།
Tibetan Alternate
Tibetan Definition 1.སྐུ་ལྔ་ནི།

(1)རང་དོན་རྟོགས་པ་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ནི་ཆོས་སྐུ། (2)དེ་ལས་མ་གཡོས་པར་གདུལ་བྱ་ལས་དག་པ་ས་བཅུ་པའི་ངོར་རྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་བརྒྱུད་འབྲས་ཐུན་མིན་གྱི་མཚན་དཔེ་དང་ལྡན་པར་སྣང་བ་ལོངས་སྐུ། (3)གདུལ་བྱ་མ་དག་པ་འགྲོ་དྲུག་ལ་མོས་པ་དང་མཐུན་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པ་ནི་སྤྲུལ་པའི་སྐུ། (4)གཟུགས་སྐུ་གཉིས་སུ་སྣང་ཡང་རང་རྒྱུད་པ་མེད་དེ། ཆོས་ཀྱི་སྐུ་ལས་མ་གཡོས་པའམ། ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་སྐུ། (5)དེ་དག་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྣ་ཚོགས་སུ་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། 2.གསུང་ལྔ་ནི། (1)ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། (2)མེ་ལོང་གིས་བྱད་ཀྱི་དྲི་མ་གོས་ཟིན་སེལ་བར་བྱེད་པ་ལྟར་སྐུའི་བརྡས་འཁོར་གྱི་བློ་ལ་དོན་འཇལ་བར་སྟོན་པ་ནི་ལོངས་སྐུ་བབརྡའི་གསུང་། (3)གང་ལ་གང་འདུལ་གྱི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཆོས་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། (4)སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་ལས་གྲོལ་བ་ནི་དབྱེར་མེད་རྡོ་རྗེའི་གསུང་། (5)སྒྲ་ཐམས་ཅད་རང་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཅིར་ཡང་མི་འགག་པ་རིག་པ་བྱིན་རློབས་ཀྱི་གསུང་ནི་མངོན་བྱང་གི་གསུང་ངོ་། ། 3.ཐུགས་ལྔ་ནི། །

(1)སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་མི་རྟོག་ཆེན་པོའི་ཐུགས། 

(2)མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། (3)བྱ་བ་གྲུབ་པའི་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། (4)སོ་སོར་རྟོག་པའི་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས། (5)མེ་ལོང་ལྟ་བུའི་ཡེ་ཤེས་ནི་མངོན་བྱང་གིས་ཅིར་ཡང་ས་ལེར་མཁྱེན་པའི་ཐུགས་ཏེ་ཡེ་ཤེས་ཀྱི་ཐུགས་མཆོག་གོ ། 4.ཡོན་ཏན་ལྔ་ནི། (1)རྣམ་པར་དག་པའི་ཞིང་ཁམས་ནི། རྒྱུད་ལས། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། ། ཞེས་དང་། ཞིང་ཁམས་རྣམ་དག་བསམ་ཡས་སོ། ། ཞེས་སོ། ། (2)རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་ནི། རྒྱུ་དང་བྲལ་བའི་གཞལ་ཡས་ཁང་། ། ཞེས་སོ། ། (3)གསལ་ཞིང་དག་པའི་འོད་ཟེར་ནི། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོའོ། ། ཞེས་སོ། ། (4)ཁྱད་པར་དུ་འཕགས་པའི་གདན་ཁྲི་ནི། སེང་གེ་གླང་ཆེན་རྟ་རྨ་བྱ། ། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། ། ཞེས་སོ། ། (5)དགྱེས་རྒུར་སྤྱོད་པའི་ལོངས་སྤྱོད་ནི། ། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། ། ཞེས་པ་ལ་སོགས་པས་བསྟན་པ་སྟེ་ཡོན་ཏན་རྣམ་པའོ། ། 5.འཕྲིན་ལས་ལྔ་ནི། (1)ཉོན་མོངས་རྣམ་པར་རྟོག་པས་སེམས་ཁེངས་རྣམས། ། སངས་རྒྱས་མཛད་པས་རྒྱུད་མཉན་ཞི་བར་མཛད། ཅེས་སོ། ། (2 )རྨོངས་ཤིང་དབུལ་དང་ཡོངས་པའི་གང་ཟག་རྣམས། ། ཤེས་བྱ་ལོངས་སྤྱོད་མཐར་ཡང་རྒྱས་པར་མཛད། ། ཅེས་སོ། ། (3)མི་ཕན་མི་དུལ་གྱོང་བའི་གང་ཟག་རྣམས། ། དབང་གི་ལས་ཀྱིས་དུལ་ཞིང་ཞི་བར་མཛད། །ཅེས་སོ། ། (4)ཐུགས་རྗེའི་ཐབས་ཀྱིས་མི་དུལ་གདུག་པ་རྣམས། ། མངོན་སྤྱོད་དྲག་པོས་ཚར་ཡང་གཅོད་པར་མཛད། ། ཅེས་སོ། ། (5)དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང་། ། ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད། ། ཅེས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྨད་ཆ་ཤ་684.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number