11006

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཀྱི་རྒྱུད་ཉི་ཤུ་རྩ་ལྔ།
Tibetan Alternate
Tibetan Definition དེ་ཡང་། སློབ་དཔོན་པད་མ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ལས་བྱུང་བ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བསྟན་པ་སྟེ།

1.སེམས་ཀྱི་དོན་རྩ་བ་ཡན་ལག་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱས་པའི་རྒྱུད་བཤད༔ 2.སེམས་ཀྱི་དོན་རྟོགས་པར་དཀའ་བ་དེ་ཉམས་སུ་བླང་བའི་ཕྱིར༔ ནམ་མཁའ་ཆེ་རྒྱས་པ་སྤྱི་ཏིའི་རྒྱུད་བཤད༔ 3.སེམས་ཀྱི་དོན་རྣམ་བར་གྲོལ་བར་བསྟན་བའི་ཕྱིར༔ ནམ་མཁའ་ཆེ་གྲོལ་བའི་རྒྱུད་བཤད༔ 4.སེམས་ཀྱི་དོན་མི་འགྱུར་བར་བསྟན་བའི་ཕྱིར༔ ཡང་ཏིག་རྒྱལ་པོའི་རྒྱུད་བཤད༔ 5.སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པ་བསྟན་བར་བྱ་བའི་ཕྱིར༔ བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད་བཤད༔ 6.སེམས་ཀྱི་དོན་རང་བྱུང་ཡེ་ཤེས་སུ་བསྟན་བའི་ཕྱིར༔ ཡེ་ཤེས་ཐིག་ལེའི་བརྒྱུད་བཤད༔ 7.སེམས་ཀྱི་དོན་རིམ་པ་རྒྱས་པར་བསྟན་པའི་ཕྱིར༔ མན་ངག་ཕྲེང་བའི་རྒྱུད་བཤད༔ 8.སེམས་ཀྱི་དོན་ཀུན་གྱི་ཐུན་མོང་དུ་འགྱུར་བར་བསྟན་པའི་ཕྱིར༔ གསང་བ་རྒྱ་མཚོའི་རྒྱུད་བཤད༔ 9.སེམས་ཀྱི་དོན་རང་གི་རིག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར༔ ཤེས་རབ་ཡེ་ཤེས་ཀྱི་རྒྱུད་བཤད༔ 10.སེམས་དོན་ཀུན་ཏུ་བཟང་བོའི་ཀློང་དུ་ཐམས་ཅད་གཅིག་པར་བྱ་བའི་ཕྱིར༔ དབྱིངས་རྣམ་པར་དག་པའི་རྒྱུད་བཤད༔ 11.སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་བཞིན་ཉིད་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ སྙིང་པོ་སྤྱིའི་ཏིའི་རྒྱུད་བཤད༔ 12.སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་བསམ་གྱི་རྒྱུད་བཤད༔ 13.སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར༔ ཉག་གཅིག་དགོངས་པའི་རྒྱུད་བཤད༔ 14.སེམས་ཀྱི་དོན་ལ་མ་ནོར་བར་རྣལ་དུ་གཞུག་པའི་ཕྱིར༔ བསམ་གཏན་གཅིག་པུའི་རྒྱུད་བཤད༔ 15.སེམས་དོན་རིམ་པར་བརྒྱུད་ནས་བསྟན་པའི་ཕྱིར༔ བསམ་གཏན་བརྒྱུད་པའི་མདོ་རྒྱུད་བཤད༔ 16.སེམས་ཀྱི་དོན་གཞུང་ཀུན་ལ་དགོས་པར་བསྟན་པའི་ཕྱིར༔ བཀྲ་ཤིས་སྒྲོན་མའི་རྒྱུད་བཤད༔ 17.སེམས་ཀྱི་དོན་དབང་གི་རིམ་པ་བཞིན་དུ་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་དབང་གི་གལ་མདོའི་རྒྱུད་བཤད། 18. སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་ པའི་ཕྱིར༔ ཡེ་ཤེས་སྒྲོན་མའི་བརྒྱུད་བཤད༔ 19.སེམས་ཀྱི་དོན་ནམ་མཁའ་ལྟར་རང་བཞིན་མེད་པའི་ཕྱིར༔ ནམ་མཁའ་ཆེ་ཡི་གེ་མེད་པ་རྩེ་མོའི་རྒྱུད་བཤད༔ 20.སེམས་ཀྱི་དོན་དངོས་བོ་ཐམས་ཅད་ཇི་ལྟར་འབྱུང་བ་བཞིན་དུ་བསྟན་པའི་ཕྱིར༔ རིན་པོ་ཆེ་འབར་བའི་རྒྱུད་བཤད༔ 21.སེམས་ཀྱི་དངོས་པོ་ཐམས་ཅད་ངོ་བོ་བྲལ་བར་བསྟན་པའི་ཕྱིར༔ རིན་པོ་ཆེ་སྒྲོན་མེའི་རྒྱུད་བཤད༔ 22.སེམས་ཀྱི་དགོངས་པ་ཐམས་ཅད་རང་ལས་བྱུང་བར་བསྟན་པའི་ཕྱིར༔ རིན་པོ་ཆེ་ཕྲེང་བའི་རྒྱུད་བཤད༔ 23.སེམས་ཀྱི་དོན་ཁམས་ཀྱི་ནང་དུ་གསལ་བར་བསྟན་པའི་ཕྱིར༔ ཁམས་གསུམ་སྒྲོན་མའི་རྒྱུད་བཤད༔ 24.སེམས་ཀྱི་དོན་ངེས་པར་ཡང་དག་པའི་དོན་བསྟན་པའི་ཕྱིར༔ ངེས་པ་སྙིང་པོའི་རྒྱུད་བཤད༔ 25.སེམས་ཀྱི་དོན་འགྱུར་མེད་དུ་བསྟན་པའི་ཕྱིར༔ རྡོ་རྗེ་རབ་ཏུ་གསང་བའི་རྒྱུད་བཤད༔ 26.སེམས་ཀྱི་དོན་རྒྱུ་སེམས་ཅན་ལ་སངས་རྒྱས་ད་ལྟ་ནས་བསྟན་པའི་ཕྱིར༔ ཡེ་ནས་སངས་རྒྱས་ཀྱི་རྒྱུད་དང་ཉི་ཤུ་རྩ་ལྔ་བཤད་དོ ༔ (སྐབས་འདིར་རྒྱུད་གཅིག་འཕར་བ་དཔྱད།)

Tibetan Source 《རིན་ཆེན་གཏེར་མཛོད་ཀ་པ་》ཤ་38བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number