11021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དམ་ཚིག་ཉི་ཤུ་རྩ་བདུན།
Tibetan Alternate
Tibetan Definition དེ་ཡང་། སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་རྫོགས་པ་ཆེན་པོ་མན་ངག་ལུགས་ཀྱི་དམ་ཚིག་སྟེ།
དང་པོ་སྐུའི་དམ་ཚིག་སུམ་ཚན་གྱི་ཕྱིའི་གསུམ་ནི། 

1.རིམ་པར་མ་བྱིན་ལེན་སྤོང་བ། 2.མི་ཚངས་སྤྱོད་སྤོང་བ། 3.སྲོག་གཅོད་སྤོང་བའོ། །

ནང་གི་གསུམ་ནི། 

1.ཕ་མ་རྡོ་རྗེ་སྤུན་སྲིང་དང་རང་ལུས་ལ་སྨོད་པ་སྤོང་བ། 2.ཆོས་དང་གང་ཟག་ལ་སྨོད་པ་སྤོང་བ། 3.རང་ལུས་ལ་རྡེག་འཚོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་སྤོང་བའོ། ། གསང་བའི་གསུམ་ནི། 1.རྡོ་རྗེ་སྤུན་སྲིང་གི་ལུས་ལ་རྡེག་པར་གཟས་ཤིང་རྒྱུན་ལ་སྨོད་པ་སྤོང་བ། 2.རྡོ་རྗེ་མཆེད་ལྕམ་ལ་རྡེག་པ་དང་བླ་མའི་ཡུམ་ལ་གཙེས་པ་སྤོང་བ། 3.བླ་མའི་གྲིབ་མར་འགོངས་པ་དང་སྤྱན་སྔར་ལུས་ངག་སྤྱོད་པ་བག་མེད་པ་སྤོང་བའོ། ། གཉིས་པ་གསུང་གི་དམ་ཚིག་གསུམ་ཚན་གྱི་ཕྱིའི་གསུམ་ནི། 1.རྫུན་ཚིག་སྤོང་བ། 2.ཕྲ་མ་སྤོང་བ། 3.གཞན་གྱི་ཞེར་འདེབས་ཀྱི་ཚིག་སྨྲ་བ་སྤོང་བའོ། ། ནང་གི་གསུམ་ནི། 1.ཆོས་ཀྱི་ཚིག་སྨྲ་བ་ལ་གཤེ་སྐུར་འདེབས་པ་སྤོང་བ། 2.དོན་ཡིད་ལ་བསམ་པ་ལ་གཤེ་སྐུར་འདེབས་པ་སྤོང་བ། 3.གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པ་སྤོང་བའོ། །

གསང་བའི་གསུམ་ནི། 

1.རྡོ་རྗེ་སྤུན་སྲིང་གི་ཚིག་བརྙས་ཤིང་གཅོག་པ་སྤོང་བ། 2.བླ་མའི་ཕྱག་རྒྱུ་དང་ཉེ་འཁོར་གྱི་ཚིག་བརྙས་ཤིང་གཅོག་པ་སྤོང་བ། 3.བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པ་སྤོང་བའོ། ། གསུམ་པ་ཐུགས་ཀྱི་དམ་ཚིག་སུམ་ཚན་གྱི་ཕྱིའི་གསུམ་ནི། 1.གནོད་སེམས་སྤོང་བ། 2.བརྣབ་སེམས་སྤོང་བ། 3.ལོག་ལྟ་སྤོང་བའོ། །

 གཉིས་པ་ནང་གི་གསུམ་ནི། 

1.སྤྱོད་པ་ལོག་པ་བག་མེད་པ་སྤོང་བ། 2.སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ་སྤོང་བ། 3.ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་སྤོང་བའོ། །

གསང་བའི་གསུམ་ནི།

1.ཉིན་ཞག་གི་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ་སྤོང་བ། 2.ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ་སྤོང་བ། 3.བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་སྤོང་བ་བཅས་སོ། །

Tibetan Source 《སྔ་འགྱུར་བཀའ་མའི་》གླེགས་བམ་ཇི་པ་ཤ་168བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number