11024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཕྲིན་ལས་ཉེར་བདུན།
Tibetan Alternate
Tibetan Definition དེ་ཡང་། སྤྲུལ་སྐུ་མཛད་པ་དང་བཅས་ཞེས་པའི་མཛད་པ་ནི་གང་ཞེ་ན། རང་རྒྱུད་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། འདི་ལ་དབྱེ་ན། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཉེར་དྲུག་དང་། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་ཐ་མ་གཅིག་སྟེ། ཉེར་བདུན་ནོ། ། ཡང་ན་ལམ་དངོས་ལ་འགོད་པ་ཉེར་དྲུག་དང་། ལམ་གྱི་འབྲས་བུ་ལ་འགོད་པ་ཐ་མ་གཅིག་སྟེ་འཕྲིན་ལས་ཉེར་བདུན་ནོ། ། དང་པོ་ལམ་དངོས་ལ་འགོད་པ་ཉེར་དྲུག་ནི། ཚོགས་ལམ་ལ་གསུམ། སྦྱོར་ལམ་ལ་བཞི། མཐོང་ལམ་ལ་གཅིག སྒོམ་ལམ་ལ་འགོད་པ་བཅོ་བརྒྱད་ཡོད་པ་གང་ཞེ་ན།

1.ཚོགས་ལམ་ལ་འགོད་པ་གསུམ་ནི། ཞི་བའི་ལས་ཐར་པ་དོན་གཉེར་ལ་འགོད་པ་དང་པོ་མངོན་མཐོ་ལྷ་མིའི་རྟེན་ལ་འགོད་པ་ཤུགས་ལ་བསྟན་པའོ། ། 2.བསྡུ་བ་བཞི་ཤེས་པ་ལ་འགོད་པ། 3.ཀུན་བྱང་གི་ཆོས་བདེན་པ་བཞི་ཤེས་པ་ལ་འགོད་པ། 4.སྦྱོར་ལམ་ལ་འགོད་པ་དང་བཞི་ནི། གཞན་དོན་བྱམས་སོགས་ལ་འགོད་པ། 5.སྤྱོད་པ་ཕྱིན་དྲུག་ལ་འགོད་པ། 6.དོན་གཉིས་བསྒྲུབ་པའི་གཞི་དགེ་བ་བཅུ་ཡི་ལམ་ལ་འགོད་པ། 7.སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སྦྱོར་ལམ་ལ་འགོད་པ། 8.མཐོང་ལམ་ལ་འགོད་པ་གཅིག་ནི་གཟུང་འཛིན་ཀུན་བཏགས་གཉིས་ཟད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ལ་འགོད་པ། 9.སྒོམ་ལམ་ལ་འགོད་པ་བཅོ་བརྒྱད་ནི། ཚུལ་ཁྲིམས་ནས་བསམ་གཏན་བར་བརྡ་ཙམ་དུ་རྟོགས་པ་ས་གཉིས་པ་ནས་ས་ལྔ་པའི་བར་འགོད་པ། 10.དམིགས་མེད་ལ་དམིགས་པའི་ཤེས་རབ་ཀྱི་རྟེན་འབྲེལ་གཟུགས་བརྙན་བཞིན་དུ་འཆར་བ་ས་དྲུག་པ་ལ་འགོད་པ། 11.སེམས་ཅན་ཡོངས་སུ་སྨིན་པ་བདུན་པ་འགོད་པ། 12.བྱང་ཆུབ་མྱུར་དུ་ཐོབ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ས་བརྒྱད་པ་ལ་འགོད་པ། 13.བདེན་པའི་མངོན་ཞེན་ཟློག་པ་ས་བརྒྱད་པ་ལ་འགོད་པ། 14.བྱང་ཆུབ་ཆོས་འཁོར་བསྐོར་བ་ས་དགུ་པ་ལ་འགོད་པ། 15.ས་བཅུ་པ་ལ་འཕྲིན་ལས་ཡོད་དེ། ས་བཅུ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་དུ་འོད་ཟེར་ཆེན་པོས་དབང་བསྐུར་བ་ལ་འགོད་པ། 16.སྐྱེ་བ་གཅིག་ཐོག་ཏུ་སངས་རྒྱས་ངེས་ལ་འགོད་པ། 17.སྐྱེ་བ་གཅིག་ཐོག་ཏུ་སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པ། 18.སྐྱེ་བ་གཅིག་ཐོག་སངས་རྒྱས་ཀྱི་ཆོས་ལྷག་མ་རྫོགས་པ་ལ་འགོད་པ། 19.སྲིད་པ་ཐ་མ་བྱང་ཆུབ་ཡན་ལག་འདྲེན་པ་ལ་འགོད་པ། 20.སྲིད་པ་ཐ་མ་ལས་ཆུད་མི་ཟ་བ་ལ་འགོད་པ། 21.སྲིད་པ་ཐ་མ་པ་བདེན་པ་ཇི་སྙེད་རྟོགས་པ་ལ་འགོད་པ། ། 22.སྲིད་པ་ཐ་མ་བདེན་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་འགོད་པ། 23.སྲིད་པ་ཐ་མ་པ་གཙང་བདེ་རྟག་བདག་ཏུ་འཛིན་པའི་བློ་ཕྱིན་ཅི་ལོག་ཟད་པ་ལ་འགོད་པ། 24.སྲིད་པ་ཐ་མ་པ་བློ་ཕྱིན་ཅི་ལོག་བཞི་ཡི་ས་བོན་ཟད་པ་ལ་འགོད་པ། 25.རང་བཞིན་དག་པའི་ཆོས་སྐུའི་རྒྱུ་ཚོགས་ལ་འགོད་པ། 26.གློ་བུར་དྲི་བྲལ་གྱི་རྒྱུ་ཚོགས་ལ་འགོད་པ་དང་ཉེར་དྲུག 27.ལམ་གྱི་འབྲས་བུ་མྱང་འདས་ལ་འགོད་པ་དང་འཕྲིན་ལས་བཅས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་368ཕྲེང་17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number