11027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འབངས་ཀྱིས་བཞེངས་པའི་ལྷ་ཁང་ཉི་ཤུ་རྩ་བདུན།
Tibetan Alternate
Tibetan Definition 1.བྲན་ཀས་དགེ་ཚལ་གྱི་ལྷ་ཁང་བཞེངས།

2.མྱང་ཧྲ་ཏེ་རྩེས་འཕང་ཐང་གི་ལྷ་ཁང་བཞེངས། 3.མྱང་མཆོག་བཙུན་བླ་མས་ཟ་འུག་གི་ལྷ་ཁང་བཞེངས། 4.མྱང་ཤ་མི་གོ་ཆས་རྒྱུ་ཚལ་གྱི་ལྷ་ཁང་བཞེངས། 5.མྱང་ཏིང་ངེ་འཛིན་གྱིས་ཞའི་ལྷ་ཁང་འབྲོག་གི་ལྷ་ཁང་བཞེངས། 6.མྱང་མ་ཧ་ཡན་གྱིས་གློག་གི་ལྷ་ཁང་བཞེངས། 7.མྱང་བྲི་ར་སལ་སྐྱོང་གིས་རྒྱུན་མི་འཆད་ཀྱི་ལྷ་ཁང་བཞེངས། 8.མྱང་དེ་བཞིན་གཤེགས་པས་ཁ་རག་གི་རྩ་མེར་གྱི་ལྷ་ཁང་བཞེངས། 9.མྱུང་མཆོག་བཙུན་གྱི་སྲིང་མོ་བཟའ་མོ་མཆོག་གིས་ལྷ་མོས་སྨོན་འགྲོ་སྟག་ཚལ་གྱི་ལྷ་ཁང་རྡོ་རྗེ་གཙུག་ལག་གི་ལུགས་སུ་བཞེངས། 10-11.ཚེ་སྤོང་སྟག་བཟས་སྟོད་ལུང་ལྷན་གྱི་ལྷ་ཁང་དང་སྣ་རྩེ་གཉིས་བཞེངས། 12.ལོ་བྱམས་པ་མདུང་གི་ལྷ་ཁང་བཞེངས། 13.ཅོག་རོ་སྐྱེས་གཟའ་རྒྱལ་འགོང་གིས་མཁར་སྟོད་གནམ་རུ་གོང་གི་ལྷ་ཁང་བཞེངས། 14.ཅོག་རོ་ཁྲི་གཟིགས་ཀྱིས་འགུར་མོའི་ལྷ་ཁང་བཞེངས། 15.སྦས་ཀྱིས་མདོ་ཚུལ་གྱི་ལྷ་ཁང་བཞེངས། 16.སྣོན་གྱིས་འོད་མཆོག་མཛེས་པའི་ལྷ་ཁང་བཞེངས། 18.ཤུད་པུས་བྲག་སྣའི་ལྷ་ཁང་བཞེངས། 19.སྣ་ནམ་གྱིས་དྭའི་ལྷ་ཁང་བཞེངས། 20.སྙི་ཡིས་བན་པའི་ལྷ་ཁང་བཞེངས། 21.ཁུས་དྲང་གིས་ཆུང་གི་ལྷ་ཁང་བཞེངས། 22.འཆིམས་ཀྱིས་བྱ་ཟུག་ལྷ་ཁང་བཞེངས། 23.ལྡེ་དམན་གྱིས་ལྷོ་ཕུ་ཆུས་ཁྱེར་གྱི་ལྷ་ཁང་བཞེངས། 24.བློན་རིང་མདོ་བཙན་གྱིས་མཁན་དམར་སྟེང་གི་ལྷ་ཁང་བཞེངས། 25.ལྕོག་རོ་ཁྲི་གཟིགས་ཀྱིས་སྒོ་བཞིའི་བང་སོ་གསེར་གྱི་ ལྷ་ཁང་བཞེངས། 26.ཁྱུང་པོ་མུ་རྩས་ར་ལྤགས་སྡོང་གི་ལྷ་ཁང་བཞེངས། 27.མྱང་རོར་བརྒྱ་རྩ་བརྒྱད་ཀྱི་གྲངས་བྱས་པས་གཅིག་མ་ཐེམས་པར། ལྕེ་ཁྲི་བཟང་ལྷ་གཟིགས་ཀྱིས་མྱང་རོ་རྩིས་ཀྱི་ཁྲབ་སྒོའི་ལྷ་ཁང་བཞེངས་པ་བཅས་སོ། །

Tibetan Source 《ལྡེའུ་ཆོས་འབྱུང་》དེབ་ཤ་297.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number