11041

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆད་པར་ལྟ་བ་ཉི་ཤུ་རྩ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། ཡེ་ཤེས་ཀྱི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ཆོས་ལ་སྒྲ་ཇི་ལྟ་བར་འཛིན་པ་སྟེ།

1.མཚན་མར་འཛིན་པར་ལྟ་བ། 2.ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ། 3.ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ། 4.ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ། 5.དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ། 6.སྦྱོར་བ་སེལ་བའི་ལྟ་བ། 7.ཡོངས་སུ་འཛིན་པའི་ལྟ་བ། 8.སྒྱུར་བའི་ལྟ་བ། 9.ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ། 10.ཁ་ན་མ་ཐོ་བ་མེད་པར་ལྟ་བ། 11.འབྱུང་བར་ལྟ་བ། 12.སྒྲིབ་པའི་ལྟ་བ། 13.བརྙས་པའི་ལྟ་བ། 14.རབ་ཏུ་འཁྲུགས་པའི་ལྟ་བ། 15.བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ། 16.ལོག་པར་ལྟ་བ། 17.དལ་བ་འབྲས་བུ་མེད་པའི་ལྟ་བ། 18.དཔལ་བར་ལྟ་བ། 19.བསླུ་བའི་ལྟ་བ། 20.ཁས་མི་ལེན་པའི་ལྟ་བ། 21.གཡོ་བའི་ལྟ་བ། 22.ཆད་པས་བཅད་པའི་ལྟ་བ། 23.བཀུར་སྟི་བྱེད་པའི་ལྟ་བ། 24.བཀུར་བའི་ལྟ་བ། 25.རྨོངས་པ་བརྟན་པའི་ལྟ་བ། 26.མི་སྨྲ་བའི་ལྟ་བ། 27.རྩ་བའི་ལྟ་བ། 28.ལྟ་བ་ཆེན་པོ་དང་། མངོན་པའི་ང་རྒྱལ་གྱི་ལྟ་བ་བཅས་སོ། །

Tibetan Source 《བསྟན་འགྱུར་ཚ་པ་》ཤ་36ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number