11048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕྲིན་ལས་སྒྲུབ་པ་ལ་བརྟེན་པའི་ལྟུང་བ་བཅོ་ལྔ་པ་སོགས་ཕྲ་མོ་ཉེར་བརྒྱད།
Tibetan Alternate
Tibetan Definition དང་པོ་ཕྲིན་ལས་སྒྲུབ་པ་ལ་བརྟེན་པའི་ལྟུང་བ་བཅོ་ལྔ་ནི།

1.མེ་ཏོག་ཕོག་པའི་ལྷ་དོར་ཏེ་གཞན་བཟང་པོར་རྟོག་པ། 2.རང་གི་ལྷའི་བསྐྱེད་རྫོགས་ཉིན་མཚན་དུས་ལས་ཡོལ་བ། 3.ཕྱི་རོལ་པའི་ལྷ་ལ་དགའ་བ། 4.བསྐྱེད་རིམ་དངོས་པོར་ཞེན་པ། 5.རང་གིས་དབང་མ་རྫོགས་པར་གཞན་ལ་བསྐུར་བ། 6.ཚེ་འདིའི་ཆེད་དུ་ཟབ་མོའི་དོན་རྣམས་སྟོན་པ། 7.བསླབ་པ་འོག་མར་བརྙས་པ། 8.ཚུལ་འཆོས་བྱེད་པ། 9.ནུས་མེད་ལས་ལ་སྦྱོར་བ། 10.དོན་མེད་གཡེང་བས་འདའ་བ། 11.སྐྱབས་ནུས་མི་སྐྱོབ་པ། 12.འོག་མའི་སྤྱོད་པ་ལ་དགའ་བ། 13.ཟང་ཟིང་ལ་ཆགས་པ། 14.དམ་ཉམས་འདུལ་བར་མི་བྱེད་པ། 15.སྤྱོད་པ་དུས་སྐབས་དང་མི་འབྲེལ་བའོ། ། གཉིས་པ་དེའི་ཡན་ལག་བདུན་ནི། 1.དམ་པ་བསྟེན་པ། 2.སྣོད་ཀྱི་སྤང་བླང་བརྟག་པ། 3.རང་འདོད་ཕྱིར་དུ་སྲོག་ཆགས་གཞན་ལ་གནོད་པ་མིན་པ། 4.དཀོན་མཆོག་དཀོར་ལ་མི་སྤྱོད་པ། 5.གཞན་དོན་བྱ་བ། 6.བསྔོ་བས་རྒྱས་འདེབས་པ། 7.འཕོ་བའི་དེ་ཉིད་ལ་མཁས་པའོ། ། གསུམ་པ་ཉེས་པ་དྲུག་ནི། 1.སྔགས་ལ་ཐེ་ཚོམ་ཟ་བ། 2.ཐེག་གསུམ་རིམ་པར་མི་བསྟན་པ་གཅིག་ཏུ་སྦྱོར་བ། 3.དེ་ཉིད་བཅུ་དང་མི་ལྡན་པར་སློབ་དཔོན་བྱེད་པ། 4.བདུད་བརྟག་པར་མི་མཁས་པ། 5.དམ་ཚིག་བརྟག་པར་མི་བྱེད་པ། 6.ཕྲ་མོའི་ཉེས་བྱས་མི་བཤགས་པ་བཅས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་172.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number