11057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཀྲུང་ཐང་རྒྱས་དཔྱད་དོན་ཚན་ཉི་ཤུ་རྩ་དགུ།
Tibetan Alternate
Tibetan Definition 1.སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་སྐོར།

2.རྒྱལ་ཁབ་གཞན་གྱི་མི་སྣ་དང་། ཚོང་པ་རྣམས་ལྷ་ས་བར་སྔ་རྒྱུན་ཡོང་ཕྱོགས་སྐོར། 3.བོད་དངུལ་ཊམ་ཀ་ལྷད་མེད་དང་། ལྷད་ཅན་གྱི་འཛའ་ཐང་ལག་བསྟར་བྱེད་ཕྱོགས་སྐོར། ། 4. ས་གནས་ཀྱི་དམག་དཔུང་སྒྲིག་གཞི་འཛུགས་ཕྱོགས་སྐོར། 5.དམག་སྒར་ཁག་གི་དམག་དཔོན་བསྐོ་གཞག་བྱེད་ཕྱོགས་སྐོར། 6.དམག་ཕོགས་སྤྲོད་ཕྱོགས་སྐོར། 7.དམག་མིའི་གོ་མཚོན་བཀོད་སྒྲིག་བྱེད་ཕྱོགས་སྐོར། 8.ཏཱ་ལའི་བླ་མ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེའི་གཏོང་ཡོང་གནས་ཚུལ་རྣམས་སྟོན་དཔྱིད་གཉིས་སུ་བོད་བཞུགས་ཨམ་བན་ལ་སྙན་འབུལ་བྱ་དགོས་སྐོར། 9.གོར་ཁ་བཙན་འཛུལ་འགོག་པའི་དམག་འཁྲུག་རིང་གི་ལམ་ཁེལ་མི་སེར་རྣམས་ལ་ལོ་གཅིག་བར་ཁྲལ་ཆག་བཏང་བའི་སྐོར། 10.བོད་ཀྱི་ལས་དོན་ཐད་ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏི་ནི། བོད་བཞུགས་ཨམ་བན་བཅས་འདྲ་མཉམ་གྱིས་གྲོས་བསྡུར་བྱ་དགོས་སྐོར། 11.བཀའ་བློན་དང་རྩིས་དཔོན་སོགས་དཔོན་རིགས་རྣམས་བསྐོ་གཞག་བྱེད་ཕྱོགས་སྐོར། 12.ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏི་ནི་ཞལ་བཞུགས་སྐབས་སྐུའི་ཉེ་རིགས་རྣམས་ནས་གཞུང་དོན་ལས་ཀར་ཐེ་ཇུས་བྱེད་མི་ཆོག་པའི་སྐོར། 13.བོད་བཞུགས་ཨམ་བན་གཉིས་སྟོན་དཔྱིད་གཉིས་སུ་ས་སྐོར་དང་རྩལ་སྦྱོང་འགྲོ་ཕྱོགས་སྐོར། 14.ཕྱི་རྒྱལ་ཁབ་ནས་ཡིག་འགྲུལ་འབྱོར་སྐབས་བོད་བཞུགས་ཨམ་བན་ལ་ཞུས་ནས་ལན་གཏོང་དགོས་སྐོར། 15.བལ་བོད་ས་མཚམས་གཉའ་སྐྱིད་རོང་གསུམ་གྱི་འགྲོ་འོང་དོ་དམ་བྱེད་ཕྱོགས་སྐོར་། 16.ས་མཚམས་ཁག་གི་རྫོང་དཔོན་བསྐོ་བཞག་བྱེད་ཕྱོགས་སྐོར། 17.ཞི་དྲག་དཔོན་རིགས་གོ་གནས་འཕར་ཕྱོགས་སྐོར། 18.དགོན་པ་ཆེ་ཆུང་ཁག་གི་མཁན་པོ་བསྐོ་གཞག་བྱེད་ཕྱོགས་སྐོར། 19.ཊམ་ཀ་གསར་རྙིང་གི་འཛའ་ཁྱད་དབྱེ་འབྱེད་ཀྱིས་སྤྲོད་ལེན་བྱ་དགོས་སྐོར། 20.སྐྱིད་གྲོང་དང་གཉའ་ནང་བརྒྱུད་ནས་དངོས་རིགས་འབྱོར་གྲས་ལ་ཤོ་ཁྲལ་འཕར་ཆ་ལེན་མི་ཆོག་པའི་སྐོར། 21.གཞུང་སྒེར་ཆོས་གསུམ་གྱི་མི་སེར་རྣམས་ཁྲལ་རིགས་འཁོད་སྙོམས་བྱ་དགོས་སྐོར། 22.དགོན་ཁག་ཆེ་ཆུང་གི་བླ་མ་དང་གྲྭ་པའི་ཁ་གྲངས་མིང་ཐོ་ཞིབ་བཀོད་བྱ་དགོས་སྐོར། 23.བོད་ལྗོངས་ནས་ས་གནས་གཞན་དག་ལ་བླ་མ་ལ་མཁྱེན་ཡོན་ཆེ་རིགས་གདན་ཞུ་བྱས་སྐབས་བོད་བཞུགས་ཨམ་བན་ལ་ལམ་ཡིག་ཞུ་དགོས་སྐོར། 24.ཏཱ་ལའི་བླ་མ་དང་བོད་བཞུགས་ཨམ་བན་གྱི་བཀའ་ཤོག་མེད་པར་རྟ་འུལ་བསྐུལ་འདེད་མི་ཆོག་པའི་སྐོར། 25.ཁྲིམས་ལུགས་ཐོག་ནས་ཉེས་ཆད་གཏོང་དགོས་རིགས་རྣམས་བོད་བཞུགས་ཨམ་བན་ལ་ཞུས་ནས་ཐག་གཅོད་བྱ་དགོས་སྐོར། 26.དཔོན་དམག་གི་རྩལ་སྦྱོང་ལ་དགོས་པའི་རྫས་མདེལ་བཟོ་སྐྲུན་དོ་དམ་བྱེད་ཕྱོགས་སྐོར། 27.བཀའ་བློན་དང་མདའ་དཔོན་གཉིས་ཀྱི་འཛིན་ཐེབས་ཕ་གཞིས་རྣམས་རྙིང་པ་འཕོས་སྐབས་གསར་པར་རྩིས་སྤྲོད་བྱ་དགོས་སྐོར། 28.བླ་མ་དགེ་འདུན་སོགས་ཀྱི་ཕོགས་ཐོབ་རྣམས་དུས་ཚོད་སྔ་བསྣུར་དང་ཕྱི་འགྱངས་མེད་པར་སྤྲོད་ལེན་བྱ་དགོས་སྐོར། 29.ས་གནས་ཁག་ལ་ཆེད་གཏོང་བྱས་པའི་དཔོན་རིགས་རྣམས་ནས་གཞུང་འབབ་ཁྲལ་རིགས་ལྐོག་ཟོས་དང་འཕར་ལེན་ཆད་འཇོག་མེད་པར་གཙང་འབུལ་བྱ་དགོས་སྐོར་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་111.8ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number