11060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ལ་ཡོད་པའི་དཔག་ཚད་བྱེ་བ་ཕྲག་བརྒྱ་ཉི་ཤུ་རྩ་དགུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་གླིང་ཆེན་པོ་བཞི་པ་ལ་སོགས་པ་ནས་འོག་མིན་བར་དཔག་ཚད་བྱེ་བ་ཕྲག་བརྒྱ་ཉི་ཤུ་རྩ་དགུ་སྟེ།

1.གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། 2.རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ། 3.ཁོར་ཡུག་དང་ཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ། 4.རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ། 5.རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ལྷ་བྱེ་བ་ཕྲག་བརྒྱ། 6.སུམ་ཅུ་རྩ་གསུམ་བྱེ་བ་ཕྲག་བརྒྱ། 7.འཐབ་བྲལ་བྱེ་བ་ཕྲག་བརྒྱ། 8.དགའ་ལྡན་བྱེ་བ་ཕྲག་བརྒྱ། 9.འཕྲུལ་དགའ་བྱེ་བ་ཕྲག་བརྒྱུ། 10.གཞན་འཕྲུལ་དབང་བྱེད་བྱེ་བ་ཕྲག་བརྒྱ། 11.ཚངས་རིས་བྱེ་བ་ཕྲག་བརྒྱ། 12.ཚངས་པའི་མདུན་ན་འདོན་བྱེ་བ་ཕྲག་བརྒྱ། 13.ཚངས་འཁོར་བྱེ་བ་ཕྲག་བརྒྱ། 14.ཚངས་ཆེན་བྱེ་བ་ཕྲག་བརྒྱ། 15.འོད་ཆུང་བྱེ་བ་ཕྲག་བརྒྱ། 16.ཚད་མེད་འོད་བྱེ་་ཕྲག་བརྒྱ། 17.འོད་གསལ་བྱེ་བ་ཕྲག་བརྒྱ། 18.དགེ་ཆུང་བྱེ་བ་ཕྲག་བརྒྱ། 19.ཚད་མེད་དགེ་བྱེ་བ་ཕྲག་བརྒྱ། 20.དགེ་རྒྱས་བྱེ་བ་ཕྲག་བརྒྱ། 21.སྤྲིན་མེད་བྱེ་བ་ཕྲག་བརྒྱ། 22.བསོད་ནམས་སྐྱེས་བྱེ་བ་ཕྲག་བརྒྱ། 23.འབྲས་བུ་ཆེ་བ་བྱེ་བ་ཕྲག་བརྒྱུ། 24.སེམས་ཅན་འདུ་ཤེས་མེད་པ་བྱེ་བ་ཕྲག་བརྒྱ། 25.མི་ཆེ་བ་བྱེ་བ་ཕྲག་བརྒྱུ། 26.མི་གདུང་བ་བྱེ་བ་ཕྲག་བརྒྱ། 27.གྱ་ནོམ་སྣང་བ་བྱེ་བ་ཕྲག་བརྒྱ། 28.ཤིན་ཏུ་མཐོང་བྱེ་བ་ཕྲག་བརྒྱ། 29.འོག་མིན་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བཅས་སོ། །

Tibetan Source 《མདོ་ཁ་པ་》ཤ་124བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number