11064
Tibetan | འཕགས་པའི་བདེན་པ་རྣམ་པ་ཉི་ཤུ་རྩ་དགུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་།
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་ནས་བསྟན་པ་སྟེ། དང་པོ་སྡུག་བསྔལ་བདེན་པའི་རྣམ་པ་བཞི་སྟེ། 1.མི་རྟག་པ། 2.སྡུག་བསྔལ་བ། 3.བདག་མེད་པ། 4.སྟོང་པའོ། ། གཉིས་པ། ཀུན་འབྱུང་བདེན་པའི་རྣམ་པ་བཅུ་གཅིག་སྟེ། 1.ནད། 2.འབྲས། 3.ཟུག་རྔུ། 4.སྡིག་པ་ཉིད། 5.གཞན་ཉིད། 6.རབ་ཏུ་ཉམས་པའི་ཆོས་ཉིད། 7.གཡོ་བ། 8.འཇིག་པ་ཉིད། 9.འཇིགས་པ་ཉིད། 10.ཉེ་བར་འཚེ་བ་ཉིད། 11.ཉེ་བར་གནོད་པ་ཉིད་དོ། ། གསུམ་པ། འགོག་པའི་བདེན་པའི་རྣམ་བདུན་ཏེ། 1.བདག་མེད་པ་ཉིད། 2.ཞི་བ་ཉིད། 3.དབེན་པ་ཉིད། 4.སྟོང་པ་ཉིད། 5.མཚན་མ་མེད་པ་ཉིད། 6.སྨོན་པ་མེད་པ་ཉིད། 7.མངོན་པར་འདུ་བྱེད་པ་མེད་པ་ཉིད་དོ། ། བཞི་པ། ལམ་གྱི་བདེན་པའི་རྣམ་པ་བདུན་ཏེ། 1.བདག་མེད་པ་ཉིད། 2.ཞི་བ་ཉིད། 3.དབེན་པ་ཉིད། 4. སྟོང་པ་ཉིད། 5.མཚན་མ་མེད་པ་ཉིད། 6.སྨོན་པ་མེད་པ་ཉིད། 7.མངོན་པར་འདུ་བྱེད་པ་མེད་པ་ཉིད་བཅས་སོ། ། |
Tibetan Source | 《བསྟན་འགྱུར་དབུ་མ་ཧ་པ་》ཤ་170བ་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |