11073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚེས་ཀྱི་འབྲས་བཤད་སུམ་ཅུ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་རིག་པའི་གནས་སྐར་ཡིག་གི་སྐོར་ལས་བྱུང་བ་སྟེ། 1.ཚེས་གཅིག་དགེ་ལས་ཕལ་ཆེར་བཟང་། ། གསོན་ལས་དགེ་ཞིང་གཤིན་ལས་དང་། ། དྲག་ལས་ངན་ནོ། ། 2.ཚེས་གཉིས་ལ། ། རབ་གནས་གསོན་ལས་ཐམས་ཅད་བཟང་། ། དོན་གཉེར་ལམ་ཞུགས་སྦྱིན་སྲེག་ངན། 3.ཚེས་གསུམ་གཞན་བཟང་བག་མར་ངན། ། 4.ཚེས་བཞིར་རབ་བྱུང་རབ་གནས་དང་། ། ལམ་ཞུགས་དམག་དང་བག་མ་ངན། ། གཞན་བཟང་། 5.ཚེས་ལྔར་གཤིན་བག་ངན། ། གཞན་བཟང་། 6.ཚེས་དྲུག་རབ་བྱུང་དང་། ། ཆོས་ཉན་ལམ་ཞུགས་མཁར་བག་ངན། ། གཞན་བཟང་གཤིན་ངན། ། 7.ཚེས་བདུན་ལ། ། རབ་བྱུང་བག་མ་ཕྱུགས་ཉོ་ངན། ། གཞན་བཟང་གཤིན་ལས་བཟང་བ་ཡིན། ། 8.ཚེས་བརྒྱུད་རབ་བྱུང་ལམ་ཞུགས་ངན། ། གཞན་བཟང་། ། 9.ཚེས་དགུར་གཤིན་བག་ངན། ། གཞན་བཟང་། 10.ཚེས་བཅུར་ལམ་ཞུགས་གཤིན། ། ངན་ཅིང་གཞན་བཟང་། 11.བཅུ་གཅིག་ལ། ། གཤིན་ངན་གཞན་བཟང་། 12.བཅུ་གཉིས་ལ། ། སྦྱིན་སྲེག་རབ་བྱུང་ཕྱུགས་ཉོ་ངན། ། གཞན་བཟང་། ། 13.བཅུ་གསུམ་གཤིན་སོགས་བཟང་། ། 14.བཅུ་བཞིར་གཞན་བཟང་ཆོས་འཆད་ངན། ། 15.བཅོ་ལྔ་གཞན་བཟང་རབ་བྱུང་དང་། ། བག་མར་ངན་ནོ། ། 16.བཅུ་དྲུག་ལ། ། གཞན་བཟང་རབ་གནས་མཁར་ལམ་ཇག ། གཤིན་ངན། ། 17.བཅུ་བདུན་གཞན་བཟང་ཞིང། ། སྦྱིན་སྲེག་བག་མ་ཕྱུགས་ཉོ་ངན། ། གཤིན་བཟང་། 18.བཅོ་བརྒྱད་གཞན་བཟང་ཞིང་། ། ལམ་ཞུགས་གཤིན་ལས་གཏར་སྲེག་ངན། 19.བཅུ་དགུར་གཞན་བཟང་རྟེན་བཞེངས་དང་། ། རབ་གནས་གཤིན་དང་བག་མ་ངན། 20.ཉི་ཤུར་གཞན་བཟང་རབ་གནས་དང་། ། རྟེན་བཟང་ལམ་ཞུགས་ཤི་ན་ངན། ། 21.ཉེར་གཅིག་རབ་གནས་རྟེན་བཞེངས་དང་། ། བག་མ་བྲན་བསྟེན་ཤི་ན་ངན། 22.ཉེར་གཉིས་རབ་གནས་རྟེན་བཞེངས་ཁྱིམ། ། བག་དུར་ལམ་ཞུགས་སྦྱིན་སྲེག་ངན། ། 23.ཉེར་གསུམ་རབ་གནས་ཕྱུགས་ཉོ་ངན། ། གཞན་རྣམས་བཟང་ཞིང་། 24.ཉེར་བཞི་ལ། ། གཞན་བཟང་རབ་གནས་སྐྲ་འཁྲུ་སྤོང་། ། 25.ཉེར་ལྔར་གཞན་བཟང་རབ་གནས་ངན། གཤིན་ལས་བཟང་ཞིང་། ། 26.ཉེར་དྲུག་ལ། ། གཞན་བཟང་ལམ་ཞུགས་རབ་གནས་དང་། ། ཤི་ན་ངན་ནོ། ། 27.ཉེར་བདུན་ལ། ། གཤིན་ལས་དང་ནི་གཞན་རྣམས་བཟང་། ། རབ་གནས་སྦྱིན་སྲེག་རྟེན་བཞེངས་དང་། ། བག་མ་ངན་ནོ། ། 28.ཉེར་བརྒྱད་ལ། ། གཞན་བཟང་ལམ་ཞུགས་གཤིན་ལས་དང་། ། བག་མ་རབ་གནས་ཤི་ན་ངན། 29.ཉེར་དགུར་རབ་གནས་གཤིན་ལས་ངན། ། གཞན་རྣམས་བཟང་ངོ་། ། 30.གནམ་སྟོང་ལ། ། རབ་གནས་བག་མ་གཤིན་ལས་སྤང་། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཡ་པ་》ཤ་589.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number