11090
Tibetan | རིག་བྱེད་མཐར་སྨྲ་བས་དབང་ཕྱུག་འཇིག་རྟེན་བྱེད་པོར་འདོད་པའི་མཚོན་ཚུལ་རྣམ་པ་སུམ་ཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས་བྱུང་བ་སྟེ།
1.གང་གི་ཕྱིར་སྟེང་གི་ཕྱོགས་ནི་འདིའི་(དབང་ཕྱུག་གམ་ཁྱབ་འཇུག་)མགོ་བོའོ། ། 2.འོག་གི་ཕྱོགས་ནི་རྐང་པའོ། ། 3.ནམ་མཁའ་ནི་ལྟོའོ། ། 4.ཕྱོགས་རྣམས་ནི་ལག་པའོ། ། 5.གཟའ་དང་རྒྱུ་སྐར་རྣམས་ནི་སྐྲའོ། ། 6.རི་བོ་རྣམས་ནི་བྱུང་ངོ་། ། 7.རིའི་ཕྲེང་བ་ནི་རུས་པའོ། ། 8.ཆུ་ཀླུང་རྣམས་ནི་རྩའི་དྲ་བའོ། ། 9.ནགས་ཚལ་རྣམས་ནི་སྤུ་དང་སེན་མོའོ། ། 10.རྒྱབ་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ། ། 11.དཔྲལ་བ་ནི་ཚངས་པའོ། ། 12.ཆོས་དང་ཆོས་མ་ཡིན་པ་སྨིན་མ་གཉིས་སོ། ། 13. ཁྲོ་གཉེར་ནི་འཆི་བདག་གོ ། 14.ཉི་ཟླ་ནི་མིག་གཉིས་སོ། ། 15.དབུགས་འབྱུང་བ་དང་རྔུབ་པ་ནི་རླུང་ངོ་། ། 16.རི་བྲན་རྣམས་ནི་སོའོ། ། 17.ལྕེ་ནི་དབྱངས་ཅན་མའོ། ། 18.ༀ་ཞེས་བྱ་བའི་ཡི་གེ་དང་། བ་ཤ་ཐ་ཞེས་བྱ་བའི་ཡི་གེ་ནི་མཆུ་གཉིས་སོ། ། 19.མིག་ཕྱེ་བ་དང་བཙུམས་པ་ནི་དུས་སོ། ། 20.གཡོན་པའི་ཕྱོགས་ནི་བུད་མེད་དོ། ། 21.གཡས་པའི་ཕྱོགས་ནི་སྐྱེས་པའོ། ། 22.འཇིག་རྟེན་དང་འཇིག་རྟེན་མ་ཡིན་པ་ནི་ནུ་མའི་བར་གཉིས་སོ། ། 23.སོར་མོ་རྣམས་ནི་རིའི་བར་རོ། ། 24.པུས་མོ་གཉིས་ནི་གསེར་འདབ་གཉིས་སོ། ། 25.རྗེ་ངར་གཉིས་ནི་ཐ་སྐར་གྱི་བུ་གཉིས་སོ། ། 26.རྐེད་སྨད་ནི་ཉིན་ཞག་གོ། ། 27.མཇེ་རླིག་ནི་དབང་པོའོ། ། 28.དགའ་བའི་རང་བཞིན་ནི་སྐྱེ་དགུའི་བདག་པོའོ། ། 29.རྐང་པ་གཉིས་ནི་ཁྱབ་འཇུག་གོ ། 30.ཁ་དོག་རྣམས་ནི་ཁྲག་གོ ། |
Tibetan Source | 《བསྟན་འགྱུར་དབུ་མ་ཛ་པ་》ཤ་252ན་4ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |