11098
Tibetan | ལྷ་མིའི་ཚེ་ཚད་སུམ་ཅུ་རྩ་གཅིག |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།
1.ལྷོ་འཛམ་བུ་གླིང་དུ་བསྐལ་པ་དང་པོ་པའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་དོ། ། བར་དུ་ཚེ་ལོ་ངེས་པ་མེད་པའོ། ། ཐ་མར་ཚེ་ལོ་བཅུ་པའོ། ། 2.ནུབ་ཀྱི་བ་གླང་སྤྱོད་དུ་མི་རྣམས་ཀྱི་ཚེ་ལོ་ལྔ་བརྒྱའོ། ། 3.བྱང་གི་སྒྲ་མི་སྙན་དུ་མི་རྣམས་ཀྱི་ཚེ་ལོ་སྟོང་ངོ་། ། 4.ཤར་གྱི་ལུས་འཕགས་གླིང་དུ་མི་རྣམས་ཀྱི་ཚེ་ལོ་ཉིས་བརྒྱ་ལྔ་བཅུའོ། ། 5.མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ་རྒྱལ་པོ་ཆེན་པོ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ལོ་ལྔ་བཅུའོ། ། མི་རྣམས་ཀྱི་རྩིས་ཀྱིས་ཚེ་ལོ་དགུ་བཅུ་ཐམ་པའོ། ། 6.མིའི་ལོ་བརྒྱ་ལ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ལོ་སྟོང་ངོ་། ། མིའི་རྩིས་ཀྱིས་ལོ་བྱེ་བ་གསུམ་དང་ལོ་འབུམ་ཕྲག་དྲུག་ཅུའོ། ། 7.མིའི་ཚེ་ལོ་བརྒྱ་ཕྲག་གཉིས་ལ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ལོ་སྟོང་ཕྲག་གཉིས་ཀྱི་ཚེའོ། ། མི་རྣམས་ཀྱི་རྩིས་ཀྱིས་ལོ་བྱེ་བ་བཅུ་བཞི་དང་འབུམ་ཕྲག་བཞི་བཅུའོ། ། 8.མི་ལོ་བརྒྱ་ཕྲག་བཞི་ལ་དགའ་ལྡན་པའི་ལྷ་རྣམས་ཀྱི་ཉིན་མཚན་གཅིག་གོ ། དེས་ན་ཚེ་ནི་ལོ་སྟོང་ཕྲག་བཞིའོ། ། མིའི་རྩིས་ཀྱིས་ལོ་བྱེ་བ་ལྔ་བཅུ་རྩ་བདུན་དང་ལོ་འབུམ་ཕྲག་དྲུག་ཅུའོ། ། 9.མིའི་ལོ་བརྒྱད་བརྒྱ་ལ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་མཚན་ནོ། ། དེས་ན་ཚེ་ནི་ལོ་སྟོང་ཕྲག་བརྒྱད་དོ། ། མིའི་རྩིས་ཀྱིས་ལོ་བྱེ་བ་ཕྲག་ཉིས་བརྒྱ་དང་ལོ་བྱེ་བ་ཕྲག་སུམ་ཅུ་དང་འབུམ་ཕྲག་བཞི་བཅུའོ། ། 10.མིའི་ལོ་བརྒྱ་ཕྲག་བཅུ་དྲུག་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚེ་ལོ་སྟོང་ཕྲག་བཅུ་དྲུག་གོ ། མིའི་རྩིས་ཀྱིས་ལོ་བྱེ་བ་བརྒྱ་ཕྲག་དགུ་དང་ལོ་བྱེ་བ་ཕྲག་ཉེར་གཅིག་དང་ལོ་འབུམ་ཕྲག་དྲུག་ཅུའོ། ། 11.ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བར་གྱི་བསྐལ་པ་ཉི་ཤུའོ། ། 12.ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེ་ནི་བར་གྱི་བསྐལ་པ་བཞི་བཅུའོ། ། 13.ཚངས་པ་ཆེན་པོའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་གཅིག་གོ ། 14.འོད་ཆུང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་གཉིས་སོ། ། 15.ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བཞིའོ། ། 16.འོད་གསལ་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱུད་དོ། ། 17.དགེ་ཆུང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བཅུ་དྲུག་གོ ། 18.ཚད་མེད་དགེའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སུམ་ཅུ་རྩ་གཉིས་སོ། ། 19.དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞིའོ། ། 20.སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱ་དང་ཉི་ཤུ་རྩ་ལྔའོ། ། 21.བསོད་ནམས་འཕེལ་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱ་ཕྲག་གཉིས་དང་ལྔ་བཅུའོ། ། 22.འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་ལྔ་བརྒྱའོ། ། 23.མི་ཆེ་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ངོ་། ། 24.མི་གདུང་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་གཉིས་སོ། ། 25.གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཞིའོ། ། 26.བལྟ་ན་སྡུག་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་དོ། ། 27.འོག་མིན་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་དྲུག་གོ ། 28.ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུའོ། ། 29.རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཞི་བཅུའོ། ། 30.ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་དྲུག་ཅུའོ། ། 31.འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུའོ། ། |
Tibetan Source | 《བསྟན་འགྱུར་དབུ་མ་ཧ་པ་》ཤ་120ན་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |