11100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱེས་བུ་ཆེན་པོའི་མཚན་སོ་གཉིས།
Tibetan Alternate
Tibetan Definition འདི་ལ་ཁག་བཞི་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་འཇམ་དཔལ་གྱིས་དྲིས་པའི་མདོ་ལས་བྱུང་བ་སྟེ། 1.དབུའི་གཙུག་ཏོར། 2.-3.དབུའི་མཐོན་མཐིང་ལ་གཡས་ཕྱོགས་སུ་འཁྱིལ་བ། 4.དཔྲལ་བ་མཉམ་པ། 5.ཁ་དོག་གིས་བརྒྱན་པ། 6.སྨིན་མཚམས་ཀྱི་མཛོད་སྤུ། 7.-8.སྤྱན་མཐོན་མཐིང་ལ་བའི་རྫི་མ་འདྲ་བ། 9.སོ་བཞི་བཅུ་ཐགས་བཟང་བ། 10.མཆེ་བ་དཀར་བ། 11.འགྲམ་པ་སེང་གེའི་འདྲ་བ། 12.ལྕེ་ཆེ་ཞིང་སྲབ་པ། 13.རོ་སྟོད་སེང་གེ་འདྲ་བ། 14.ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ། 15.སྤུ་ཁུང་རེ་རེ་ནས་སྐྱེས་པ། 16.ཕོ་མཚན་མི་སྣང་བར་ནུབ་པ། 17.བརླ་གང་ཞིང་ཟླུམ་པ། 18.བྱིན་པ་རི་དྭགས་ཀྱི་རྒྱལ་པོ་ཨེ་ན་ཡ་འདྲ་བ། 19.ཞབས་ཀྱི་རྟིང་པ་ཆེ་བ། 20.ཞབས་དང་། ཕྱག་གི་མཐིལ་འཇམ་ཞིང་མཉེན་པ། 21.ཞབས་དང་། ཕྱག་གི་སོར་མོའི་བར་དྲྭ་བར་འབྲེལ་བ། 22.ཞབས་དང་། ཕྱག་གི་སོར་མོ་རིང་བ། 23.ཞབས་ཀྱི་སྟེང་མཐོ་བ། 24.རོ་བྲོ་བའི་མཆོག 25.དཔུང་མགོ་ཟླུམ་པ། 26.བདུན་མཐོ་བ། 27.-28.པགས་པ་སྲབ་ལ་གསེར་གྱི་མདོག་འདྲ་བ། 29.མ་བཏུད་པ་ཕྱག་པུས་མོའི་ལྷ་ང་ལ་རེག་པ། 30.ཞབས་རབ་ཏུ་གནས་པ། 31.ཞབས་དང་། ཕྱག་གི་མཐིལ་ན་འཁོར་ལོའི་མཚན་ཡོད་པ། 32.ཚངས་པའི་དབྱངས་བཅས་སོ། །

Tibetan Source 《མདོ་ཕ་པ་》ཤ་6ན་5ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number