11102

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱེས་བུ་ཆེན་པོའི་མཚན་སོ་གཉིས།
Tibetan Alternate
Tibetan Definition ཁག་གསུམ་པ། མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ།

1.དབུ་གཙུག་ཏོར་དང་ལྡན་པ། 2.དབུ་སྟང་ཟིལ་བཅག་པའི་འཕྲོ་དང་། རྨ་བྱའི་མགྲིན་པ་ལྟར་མཐོན་མཐིང་དུ་གྲུབ་ཅིང་ལྕང་ལོར་འཁྲིལ་ལ་གཡས་སུ་འཁྱིལ་བ། 3.དཔྲལ་བ་དབྱེས་མཉམ་པ། 4.སྨིན་མཚམས་སུ་མཛོད་སྤུ་སྐྱེས་པ་ནི་ཁ་བ་དང་། དུང་གི་མདོག་ལྟར་མཆིས་པ། ། 5.སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུ། 6.སྤྱན་དཀར་ནག་འབྱེས་པ། 7.ཚེམས་བཞི་བཅུ་མཉམ་པ། 8.ཚེམས་ཐགས་བཟང་བ། 9.ཚེམས་ཤིན་ཏུ་དཀར་བ། 10.ཚངས་པའི་དབྱངས་དང་ལྡན་པ། 11.རོ་བྲོ་བའི་མཆོག་དང་ལྡན་པ། 12.ལྗགས་ཤིན་ཏུ་རིང་ཞིང་སྲབ་པ། 13.འགྲམ་པ་སེང་གེ་འདྲ་བ། 14.དཔུང་མགོ་ཤིན་ཏུ་ཟླུམ་པ། 15.བདུན་མཐོ་བ། 16.བྲལགོང་རྒྱསཔ། 17.པགས་པ་སྲབ་ཅིང་མདོག་གསེར་འདྲ་བ། 18.བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབ་པ། 19.རོ་སྟོད་སེང་གེའི་ལྟ་བུ་དང་ལྡན་པ། 20.ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ། 21.སྤུ་རེ་རེ་ནས་སྐྱེས་པ། 22.ཡན་ལག་གི་སྤུ་གཡས་ཕྱོགས་ནས་གྱེན་དུ་འཁྱིལ་བ། 23.འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། 24.བརླ་ལེགས་པར་ཟླུམ་པ། 25.བྱིན་པ་རི་དྭགས་ཀྱི་རྒྱལ་པོ་ཨེ་ན་ཡའི་ལྟ་བུ། 26. སོར་མོ་རིང་བ། 27.ཞབས་ཀྱི་རྟིང་པ་ཡངས་པ། 28.ཞབས་ཀྱི་གོང་མཐོ་བ། 29.ཕྱག་དང་ཞབས་ཀྱི་མཐིལ་འཇམ་པ། 30.ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་དང་ལྡན་པ། 31.ཞབས་ཀྱི་འོག་གི་མཐའ་གཉིས་ལ་འ་ཁོར་ལོ་རེ་རེ་སྐྱེས་པ་ནི་བཟང་ཞིང་རྩིབས་སྟོང་དང་ལྡན་ལ། མུ་ཁྱུད་དང་བཅས། ལྟེ་བ་དང་བཅས་པ། 32.ཞབས་མཉམ་ཞིང་ཤིན་ཏུ་གནས་པ་དང་ལྡན་པ་ལྟ་བུ་དང་མཚན་གྱི་རྣམ་པ་དེ་ལྟ་བུ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་མི་འབྱུང་སྟེ། མཚན་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་འབྱུང་བ་ཡིན་ནོ། །

Tibetan Source 《མདོ་ཁ་པ་》ཤ་92ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number