11107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་སྦྱོང་གི་དྲི་མ་སོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1.འདོད་པ་ལ་རྣམ་པར་རྟོག་པ་དགེ་སྦྱོང་གི་དྲི་མ། 2.གནོད་སེམས་ཀྱི་རྣམ་པར་རྟོག་པ་དགེ་སྦྱོང་གི་དྲི་མ། 3.རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དགེ་སྦྱོང་གི་དྲི་མ། 4.བདག་ལ་བསྟོད་པ་དགེ་སྦྱོང་གི་དྲི་མ། 5.གཞན་ལ་བརྙས་པ་དགེ་སྦྱོང་གི་དྲི་མ། 6.མི་མཐུན་པའི་རྙེད་པ་ཀུན་ཏུ་ཚོལ་བ་དགེ་སྦྱོང་གི་དྲི་མ། 7.རྙེད་པས་རྙེད་པར་བྱེད་འདོད་པ་དགེ་སྦྱོང་གི་དྲི་མ། 8.དད་པས་བྱིན་པ་ཆུད་སོན་པ་དགེ་སྦྱོང་གི་དྲི་མ། 9.ལྟུང་བ་འཆབ་པ་དགེ་སྦྱོང་གི་དྲི་མ། 10.ཁྱིམ་པ་ལ་བརྟེན་པ་དགེ་སྦྱོང་གི་དྲི་མ། 11.རབ་ཏུ་བྱུང་བ་དང་བརྟེན་པ་དགེ་སྦྱོང་གི་དྲི་མ། 12.འདུ་འཛི་ལ་མངོན་པར་དགའ་བ་དགེ་སྦྱོང་གི་དྲི་མ། 13.རྙེད་པ་ཡོངས་སུ་མ་གྲུབ་པར་རྟོག་པ་དགེ་སྦྱོང་གི་དྲི་མ། 14.བདག་གི་རྙེད་པས་ཆོག་པར་མི་འཛིན་པ་དགེ་སྦྱོང་གི་དྲི་མ། 15.ཕ་རོལ་བསོད་སྙོམས་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དགེ་སྦྱོང་གི་དྲི་མ། 16.ཕ་རོལ་གྱི་རྙེད་པ་ལ་འདོད་པ་དགེ་སྦྱོང་གི་དྲི་མ། 17.བདག་གི་འཁྲུལ་པ་ལ་མི་རྟོག་པ་དགེ་སྦྱོང་གི་དྲི་མ། 18.གཞན་གྱི་འཁྲུལ་པ་ཡོངས་སུ་ཚོལ་བ་དགེ་སྦྱོང་གི་དྲི་མ། 19.སོ་སོར་ཐར་པ་དང་འདུལ་བ་མི་སྲུང་བ་དགེ་སྦྱོང་གི་དྲི་མ། 20.ཁྭ་ལྟར་མུ་ཅོར་སྨྲ་བ་དགེ་སྦྱོང་གི་དྲི་མ། 21.མ་གུས་པ་དང་རྒོད་པ་དང་ཁེངས་པ་དགེ་སྦྱོང་གི་དྲི་མ། 22.ལྟ་བས་ཀུན་ནས་དཀྲིས་པ་དགེ་སྦྱོང་གི་དྲི་མ། 23.རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བ་དགེ་སྦྱོང་གི་དྲི་མ། 24.མཐར་ལྟ་བ་ལ་གནས་པ་དགེ་སྦྱོང་གི་དྲི་མ། 25.འཁོར་བ་ལ་མངོན་པར་དགའ་བ་དགེ་སྦྱོང་གི་དྲི་མ། 26.མྱ་ངན་ལས་འདས་པ་ལ་མངོན་པར་མི་དགའ་བ་དགེ་སྦྱོང་གི་དྲི་མ། 27.འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ་དགེ་སྦྱོང་གི་དྲི་མ། 28.སྒྲིབ་པས་ཀུན་ནས་དཀྲིས་པ་དགེ་སྦྱོང་གི་དྲི་མ། 29.ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བ་དགེ་སྦྱོང་གི་དྲི་མ། 30.རྣམ་པར་ཐར་པའི་སྒོ་གསུམ་གྱིས་སྐྲག་པོ་དགེ་སྦྱོང་གི་དྲི་མ། 31.ཆོས་ཟབ་མོ་སྤོང་བ་དགེ་སྦྱོང་གི་དྲི་མ། 32.ཆོས་དང་འགལ་བར་གནས་པ་དགེ་སྦྱོང་གི་དྲི་མ། 33.དཀོན་མཆོག་གསུམ་ལ་མི་གུས་པ་དགེ་སྦྱོང་གི་དྲི་མ་བཅ་ས་སོ། ། (སྐབས་འདིར་དགེ་སྦྱོང་པ་དེ་ཀྲི་མ་གཅིག་འཕར་འདུག་པ་དཔྱད་པར་ཞུ།)

Tibetan Source 《དཀོན་བརྩེགས་ཆ་པ་》ཤ་263ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number