1111
Jump to navigation
Jump to search
Tibetan | ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདིའི་ངོ་བོ་ནི། ཟུང་ལྡན་ཚིག་གི་སྔ་ཕྱིའི་བར། ། ཚིག་འབྲུ་གཞན་གྱིས་ཆོད་པ་དང་། ། མ་ཆོད་སྤེལ་མར་ཡོད་པ་ནི། ། ཆོད་ཅིང་མ་ཆོད་ཟུང་ལྡན་ནོ། ། ཞེས་པ་དེའི་དབྱེ་བ་གསུམ་ལས།
1.རྐང་པ་སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ། 2.རྐང་པ་སྔ་ཕྱི་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ། 3.རྐང་པ་བཞི་ཀ་འདྲ་བ་ཆོད་ཅིང་མ་ཆོད་པ་དང་གསུམ་མོ། ། དེ་རྣམས་ཀྱི་ནང་ནས་གཉིས་པ་རྐང་པ་སྔ་ཕྱི་འདྲ་ཞིང་བར་མ་གཉིས་འདྲ་བའི་ཆོད་ཅིང་མ་ཆོད་པའི་དཔེར་བརྗོད་ལ་བོད་མཁས་པས། ལིང་ལིང་དྲན་པའི་སྙེ་མས་བསྒྱུར་བ་ཡིས། ། ཀྱུར་ཀྱུར་ཀླུ་ཡི་རིག་བྱེད་དང་ལྷན་ཅིག ། ཀྱུར་ཀྱུར་ལུས་ཀྱི་འགྱུར་བག་དེ་དང་དེ། ། ལིང་ལིང་སྟོན་འདི་མ་བརྟགས་ཉམས་དགའི་ཆོས། ། ཞེས་སོ། ། |
Tibetan Source | 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་485.3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |