11113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་ཐམས་ཅད་ཡི་གེའི་གཟུགས་ཀྱིས་སྟོན་པ་སུམ་ཅུ་རྩ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ།

1.ཨ་ཞེས་བྱ་བ་ཉིད་རྣམ་པ་སྣ་ཚོགས་སུ་བཀོད་པའི་ བདག་ཉིད་དུ་གནས་སོ། ། དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པའོ། ། ཞེས་རང་གི་ངོ་བོ་ཉིད་མངོན་པར་སྟོན་ཏོ། ། 2.ཁ་ཅིག་ཏུ་ནི། བརྗོད་དུ་མེད་པའི་དོན་དུ་བའི་གཟུགས་ཀྱིས་སྟོན་ཏོ། ། 3.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་དགོས་པ་དང་བྲལ་བའི་དོན་དུ་ཀུའི་གཟུགས་ཀྱིས་སྟོན་ཏོ། ། 4.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ནམ་མཁའ་དང་འདྲའོ། ། ཞེས་ཁའི་གཟུགས་ཀྱིས་སྟོན་ཏོ། ། 5.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་འགྲོ་བ་མེད་པར་གའི་གཟུགས་ཀྱིས་སྟོན་ཏོ། ། 6.ཁ་ཅིག་ཏུ་ནི། ། ཆོས་ཐམས་ཅད་གཅིག་ཏུ་སྤུངས་པ་མེད་པར་གྷའི་གཟུགས་ཀྱིས་སྟོན་ཏོ། ། 7.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་འཆི་འཕོ་མེད་པའོ། ། ཞེས་ཙའི་གཟུགས་ཀྱིས་སྟོན་ཏོ། ། 8.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སྟོན་ཁའི་སྤྲིན་དང་འདྲའོ་ཞེས་ཚའི་གཟུགས་ཀྱིས་སྟོན་ཏོ། ། 9.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པར་ཛའི་གཟུགས་ཀྱིས་སྟོན་ཏོ། ། 10.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རྙོག་པ་དང་བྲལ་བའོ། ཞེས་ཛྷའི་གཟུགས་ཀྱིས་སྟོན་ཏོ། ། 11.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ང་རྒྱལ་དང་བྲལ་བའོ། ། ཞེས་ཊའི་གཟུགས་ཀྱིས་སྟོན་ཏོ། ། 12.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་བསྐྱེད་པ་དང་བྲལ་བའོ། ། ཞེས་ཋའི་གཟུགས་ཀྱིས་སྟོན་ཏོ། ། 13.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་འཁྲུག་པ་དང་བྲལ་བའོ། ། ཞེས་ཌའི་གཟུགས་ཀྱིས་སྟོན་ཏོ། ། 14.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སླུ་བ་དང་བྲལ་བའོ།། ཞེས་རྟོའི་གཟུགས་ཀྱིས་སྟོན་ཏོ། ། 15.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དང་བྲལ་བའོ། ། ཞེས་ཏའི་གཟུགས་ཀྱིས་སྟོན་ཏོ། ། 16.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་གནས་པ་དང་བྲལ་བའོ། ། ཞེས་ཐའི་གཟུགས་ཀྱིས་སྟོན་ཏོ། ། 17.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སྦྱིན་པ་དང་བྲལ་བའོ། ། ཞེས་དའི་གཟུགས་ཀྱིས་སྟོན་ཏོ། ། 18.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ཁམས་དམིགས་སུ་མེད་པའོ། ། ཞེས་དྷའི་གཟུགས་ཀྱིས་སྟོན་ཏོ། ། 19.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ལ་དོན་དམ་པའི་བདེན་པ་དམིགས་སུ་མེད་པའོ། ། ཞེས་པའི་གཟུགས་ཀྱིས་སྟོན་ཏོ། ། 20.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་དབུ་བ་ལྟར་སྙིང་པོ་མེད་པའོ། ། ཞེས་པའི་གཟུགས་ཀྱིས་སྟོན་ཏོ། ། 21.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ལ་སྲིད་པ་དམིགས་སུ་མེད་དོ། ། ཞེས་བྷའི་གཟུགས་ཀྱིས་སྟོན་ཏོ། ། 22.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ལ་འཆི་བ་དམིགས་སུ་མེད་དོ། ། ཞེས་མའི་གཟུགས་ཀྱིས་སྟོན་ཏོ། ། 23.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ཐེག་པ་དམིགས་སུ་མེད་དོ། ། ཞེས་ཡའི་གཟུགས་ཀྱིས་སྟོན་ཏོ། ། 24.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རྡུལ་དང་བྲལ་བའོ། ། ཞེས་རའི་གཟུགས་ཀྱིས་སྟོན་ཏོ། ། 25.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་མཚན་ཉིད་དམིགས་སུ་མེད་དོ། ། ཞེས་ལའི་གཟུགས་ཀྱིས་སྟོན་ཏོ། ། 26.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ཞི་བ་དང་བྲལ་བའོ། ། ཞེས་ཤའི་གཟུགས་ཀྱིས་སྟོན་ཏོ། ། 27.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རང་བཞིན་གྱི་བེམ་པོའོ། ། ཞེས་ཥའི་གཟུགས་ཀྱིས་སྟོན་ཏོ། ། 28.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ལ་བདེན་པ་དམིགས་སུ་མེད་དོ། ། ཞེས་སའི་གཟུགས་ཀྱིས་སྟོན་ཏོ། ། 29.ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། ། ཞེས་ཧའི་གཟུགས་ཀྱིས་སྟོན་ཏོ། ། 30.ང་དང་། ཉ་དང་། ཎ་དང་། ན་རྣམས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བྱེད་པ་སྟེ། དེ་རྣམས་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་རྣམས་ཀྱང་མངོན་པར་འགྲུབ་པར་བལྟའོ། ། (སྐབས་འདིར་ཡི་གེའི་གཟུགས་ཀྱིས་སྟོན་པ་བ་དང་ཝ་གཉིས་ཆད་པ་གང་ཡིན་དཔྱད་པར་ཞུ་)དེའི་རྒྱུ་མཚན་ཡང། ཡི་གེའི་གཟུགས་ཀྱིས་སྟོན་པའི་སྡོམ་ཚིག་ཏུ་གསུངས་པ་འདི་ལྟ་སྟེ། ཨ་ལ་སོགས་པ་རིམ་བཞིན་འཕེལ། ། ཨ་བ་ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་བྷེ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན་རྣམས་ནི། ཨ་ཞེས་བྱ་བའི་མཚན་མས་བྱིན་གྱིས་བརླབས་པའི་སྟོང་པ་ཉིད་ཀྱི་མཐུ་རླབས་ཏིང་ངེ་འཛིན་གྱི་ཚུལ་སྒྲུབ་པ་ལ་ལྟོས། ། ཞེས་གསུངས་པས་རྟོགས་ནུས་སོ། །

Tibetan Source 《རྒྱུད་ཉ་པ་》ཤ་287ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number