11114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྙེན་རྫོགས་སྒྲུབ་སྐབས་གསང་སྟོན་གྱི་དྲི་བ་སོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་ལས་བྱུང་བ་སྟེ།

1.སྐྱེས་པ་ཡིན་ནམ། 2.སྐྱེས་པའི་དབང་པོ་དང་ལྡན་ནམ། 3.ལོ་ཉི་ཤུ་ལོན་ནམ། 4.ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། 5.ཕ་མ་གསོན་ནམ། 6.ཕ་མས་གནང་ངམ། 7.བྲན་མ་ཡིན་ནམ། 8.བརྐུས་པ་མ་ཡིན་ནམ། 9.རྙེད་བཙོན་མ་ཡིན་ནམ། 10.རྩོད་པ་ཅན་མ་ཡིན་ནམ། 11.བཙོངས་པ་མ་ཡིན་ནམ། 12.རྒྱལ་པོས་བཀྲབས་པ་མ་ཡིན་ནམ། 13.རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། 14.རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། 15.རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། 16.བྱེད་དུ་བཅུག་པ་མ་ཡིན་ནམ། 17.ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། 18.ཟ་མ་མ་ཡིན་ནམ། 19.མ་ནིང་མ་ཡིན་ནམ། 20.དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། 21.རྐུ་ཐབས་སུ་གནས་པ་མ་ཡིན་ནམ། 22.ཐ་དད་དུ་གནས་པ་མ་ཡིན་ནམ། 23.གནས་པར་མི་བྱ་བ་མ་ཡིན་ནམ། 24.མུ་སྟེགས་ཅན་མ་ཡིན་ནམ། 25.མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། 26.ཕ་བསད་པ་མ་ཡིན་ནམ། 27.མ་བསད་པ་མ་ཡིན་ནམ། 28.དགྲ་བཅོམ་པ་བསད་པ་མ་ཡིན་ནམ། 29.དགེ་འདུན་གྱི་དབེན་བྱས་པ་མ་ཡིན་ནམ། 30.དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། 31.སྤྲུལ་པ་མ་ཡིན་ནམ། 32.དུད་འགྲོ་མ་ཡིན་ནམ་ཞེས་དྲི་བ་བཅས་སོ། །

Tibetan Source 《འདུལ་བ་ཀ་པ་》ཤ་74བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number