11118

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བའི་ཆོས་སོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1.གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་གྱུར་པ། 2.གཞན་གྱིས་བྱས་པ་རྣམས་ལ་མངོན་པར་དགའ་བ་མེད་པ། 3.དགེ་བའི་རྩ་བའི་ཚོགས་ཐམས་ཅད་ལ་བསམ་པ་གཏན་པ། 4.བྱ་བ་ཐམས་ཅད་ཡོངས་སུ་གྲུབ་པ་ལ་ཞུམ་པ་མེད་པ། 5.བསམ་པ་དག་པས་སེམས་རྙོག་པ་མེད་པ། 6.སྤྱོད་ལམ་ཐམས་ཅད་དུ་རྣམ་པར་མི་རྟོག་པས་ལུས་ཡོངས་སུ་དག་པ། 7.ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པས་ངག་ཡོངས་སུ་དག་པ། 8.བྱང་ཆུབ་ཀྱི་སེམས་མི་འདོར་བས་ཡོངས་སུ་དག་པ། 9.ལན་ལ་མི་རེ་བས་སྦྱིན་པ་ཡོངས་སུ་དག་པ། 10.ངང་ཚུལ་ངན་པ་ཡོངས་སུ་སྐྱོབ་པས་ཚུལ་ཁྲིམས་ཡོངས་སུ་དག་པ། 11.ལུས་དང་སྲོག་ལ་མི་ལྟ་བས་བཟོད་པ་ཡོངས་སུ་དག་པ། 12.སྟོབས་བཅུ་དང་། མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་པས་བརྩོན་འགྲུས་ཡོངས་སུ་དག་པ། 13.ཉོན་མོངས་པ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་བསམ་གཏན་ཡོངས་སུ་དག་པ། 14.བག་ཆགས་ཐམས་ཅད་ཡང་དག་པར་འཇོམས་པས་ཤེས་རབ་ཡོངས་སུ་དག་པ། 15.བདུད་ཀྱི་ལས་ཐམས་ཅད་ཡོངས་སུ་སྤོང་བས་སེམས་དཔའ་བ། 16.ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པས་ཡི་དམ་ལ་བརྟན་པ། 17.སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་བསྡུ་བའི་དངོས་པོ་རྣམས་མི་འདོར་བ། 18.དམ་པའི་ཆོས་ཡོངས་སུ་སྲུང་བས་སངས་རྒྱས་ལ་བྱས་པ་གཟོ་བ། 19.བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རབ་ཏུ་རྫོགས་པར་བྱེད་པས་ཡོངས་སུ་མི་སྐྱོ་བ། 20.ཤེས་རབ་དང་། ཡེ་ཤེས་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཐོས་པས་མི་ངོམས་པ། 21.གོང་མའི་ཁྱད་པར་ཁོང་དུ་ཆུད་པས་དེ་ལ་མི་ཆགས་པ། 22.སྤྱི་གཙུག་ལྟར་བལྟར་མ་མཐོང་བར་བྱ་བའི་ཕྱིར་ང་རྒྱལ་མེད་པར་ཉན་པ། 23.རྒྱུ་དང་། རྐྱེན་ཚོགས་པ་ཤིན་ཏུ་མཐོང་བའི་ཕྱིར་ཆོས་ཐམས་ཅད་དང་འགལ་བ་མེད་པ། 24.འཕགས་པའི་ནོར་བདུན་རབ་ཏུ་ཐོབ་པའི་ཕྱིར་དབུལ་བ་མེད་པ། 25.བདག་ལ་དབང་བས་རང་དབང་ཡོད་དེ་བྲན་མ་ཡིན་པ། 26.-27.བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་མངོན་པར་བསྒྲུབས་པའི་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞི་བར་བྱེད་པ། 28.དེ་བཞིན་གཤེགས་པའི་རིག་པ་དང་། རྣམ་པར་གྲོལ་བ་བསྒྲུབས་པས་ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པའི་ཕྱིར་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྒོ་མོ་ཀུན་ཏུ་སྟོན་པ། 29.སེམས་ཅན་ཐམས་ཅད་སྙེད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པས་ནད་ཉེ་བར་ཞི་བ། 30.-31.མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཟད་པ་དང་། མི་སྐྱེ་བ་ཤེས་པ། 32.ཆོས་ཐམས་ཅད་ལ་ནན་ཏན་གྱི་སྙིང་པོར་བྱེད་ཅིང་གནས་པ་ལུང་བསྟན་པ་བཅས་སོ།

Tibetan Source 《མདོ་པ་པ་》ཤ་48ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number