11130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕྱག་མི་བྱ་བ་སུམ་ཅུ་རྩ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.བསྡིགས་པའི་ལས་བྱས་པ། 2.སྨད་པའི་ལས་བྱས་པ། 3.བསྐྲད་པའི་ལས་བྱས་པ། 4.ཕྱིར་འགྱེད་པའི་ལས་བྱས་པ། 5.མ་མཐོང་བས་གནས་ནས་ཕྱུང་བ། 6.ཕྱིར་མ་འཆོས་པའི་གནས་ནས་ཕྱུང་བ། 7.སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་ཕྱུང་བ། 8.ཡོངས་སུ་གནས་པར་བྱེད་པ། 9.མགུ་བ་སྤྱོད་པ། 10.གཞི་ནས་མགུ་བ་སྤྱོད་པ། 11.བསླབ་པ་བྱིན་པ། 12.ཟ་མ། 13.མ་ནིང་། 14.དགེ་སློང་མ་སུན་ཕྱུང་བ། 15.རྐུ་ཐབས་སུ་གནས་པ། 16.གནས་པར་མི་བྱ་བ། 17.མ་བསད་པ། 18.ཕ་བསད་པ། 19.དགྲ་བཅོམ་པ་བསད་པ། 20.དགེ་འདུན་གྱི་དབྱེན་བྱས་པ། 21.དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ། 22.གཅེར་བུ། 23.ཆོས་གོས་གཅིག་པ། 24.ཉལ་བ། 25.སྙོམས་པར་ཞུགས་པ། 26.རྒྱབ་ཀྱིས་ཕྱོགས་པ། 27.སོ་ཤིང་ཟ་བ། 28.བཤང་བ་བྱེད་པ། 29.གཅི་བ་བྱེད་པ། 30.ཁྱིམ་གཞུན་ན་འདུག་པའོ། ། (སྐབས་འདིར་ཕྱག་ཡུལ་མ་ཡིན་པ་ཁག་གཉིས་ཆད་འདུག)

Tibetan Source 《བསྟན་འགྱུར་འདུལ་བ་ཟུ་པ་》ཤ་247ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number