11138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྦྱིན་པ་ཡོངས་སུ་མ་དག་པར་བལྟ་བ་སོ་གཉིས།
Tibetan Alternate
Tibetan Definition ཁག་གཉིས་པ། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། བསད་ཤ་དུག་དང་མཚོན་ཆ་དང་། ། གཞན་ནོར་མཛའ་ལ་སྟེར་བ་དང་། ། ཕྱིས་ནས་རྙེད་ཕྱིར་དམན་པ་རྣམས། ། བོར་ནས་ཕྱུག་པོ་རྣམས་ལ་སྟེར། ། མཐུ་དང་འཇབ་བུ་གཡོ་ཐབས་ཀྱིས། ། ནོར་བླངས་དགེ་བ་བྱེད་པ་དང་། ། གཞན་གྱི་གཏམ་པ་སྦྱིན་པ་དང། ། ལོག་ལྟ་ལ་དད་ཕན་བཏགས་ལེན། ། མི་ཆུ་རྒྱལ་སྡེར་འཇིག་ཕྱིར་ཏེ། ། བསྡུ་ཕྱིར་བསྟོད་ཕྱིར་རོལ་མོ་མཁན། ། སྐུར་མཁན་ནད་ཕྱིར་སྨན་པ་བཏང་ནས་སྟེར། ། རྣམ་སྨིན་རང་ཉིད་ལང་ཚོ་རྒས། ། ན་དང་འཆི་ཚེ་བསྐུལ་ནས་མཆོད། ། ཡུལ་གཞན་གྲགས་ཕྱིར་ཕོད་བསྟན་ཕྱིར། ། བུད་མེད་ཕྱིར་དུ་བུ་མེད་ཕྱིར། ། འདི་དག་མ་དག་སྦྱིན་པའོ། ། ཞེས་ཚིགས་བཅད་དུ་གསུངས་པ་ཇི་བཞིན་བཀོད་ལགས་སོ། །
Tibetan Source 《ཆོས་ཀྱི་དཀའ་གནད་བརྗེད་བྱང་རྒྱ་མཚོའི་གཏེར་》ཤ་46ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number