11141
Tibetan | མི་ཟད་པའི་ཟ་མ་ཏོག་གི་གཟུངས་སྨྲ་བར་ཐོབ་པར་འགྱུར་བའིམི་འཇིགས་པ་སོ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ།
1.དག་པར་དགའ་བར་འགྱུར་བའི་ཕྱིར་ཐོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 2.ཚིག་འཁྲུལ་པ་མེད་པའི་ཕྱིར་བསྟན་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 3.ཚིག་བློས་བུ་མེད་པའི་ཕྱིར་ངེས་པའི་ཚིག་མི་འཇིགས་པ་ཐོབ་པར་འགྱུར་བ། 4.སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་བརྟག་པའི་ཕྱིར་བརྟག་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 5.བྱིན་གྱི་རླབས་སྟོན་པའི་ཕྱིར་སྤོབས་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 6.འཛིན་པའི་བློ་དང་ལྡན་པའི་ཕྱིར་དྲན་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 7.གཞན་གྱི་བློ་གྲོས་ཡང་དག་པར་མགུ་བར་བྱེད་པའི་ཕྱིར་བློ་གྲོས་མི་འཇིགས་པ་ཐོབ་པར་འགྱུར་བ། 8.སོམ་ཉི་མྱུར་དུ་གཅོད་པའི་ཕྱིར་རྟོགས་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 9.གཞན་གྱི་ངོར་མི་ལྟ་བའི་ཕྱིར་བློ་མི་འཇིགས་པ་ཐོབ་པར་འགྱུར་བ། 10.ཚིག་ཇི་སྐད་སྨྲས་པ་བཞིན་དུ་འགྱུར་བའི་ཕྱིར་འཁྲུལ་པ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 11.ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་སྤ་གོང་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 12.བཟོད་པ་ཡོངས་སུ་དག་པའི་ཕྱིར་འཛུམ་པའི་བཞིན་མི་འཇིགས་པ་ཐོབ་པར་འགྱུར་བ། 13.ཡང་དག་པར་དམ་བཅས་པ་ལས་མི་ཉམས་པའི་ཕྱིར་བརྟན་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 14.ཀླན་ཀ་མི་ཚོལ་བའི་སེམས་དང་ལྡན་པའི་ཕྱིར་ཚིག་གཟུང་བར་འོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 15.འཁོར་མངོན་པར་མགུ་བར་བྱེད་པའི་ཕྱིར་ཚིག་བཙུན་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 16.ཟབ་མོའི་ཆོས་གླེང་བའི་ཕྱིར་ཤེས་རབ་མི་འཇིགས་པ་ཐོབ་པར་འགྱུར་བ། 17.ཁེངས་པ་མེད་པའི་ཕྱིར་དཔྱོད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 18.ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར་སེངྒེའི་སྒྲ་མི་འཇིགས་པ་ཐོབ་པར་འགྱུར་བ། 19.ཟང་ཟིང་མེད་པར་ཆོས་སྟོན་པའི་ཕྱིར་སྐུར་པ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 20.ཉམས་སུ་ལེན་པ་གཏན་ལ་འབེབས་པའི་ཕྱིར་བསྟན་པ་ཁ་ན་མ་ཐོ་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 21.མཁས་པ་མ་སྨད་པའི་ཕྱིར་སྨད་དུ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 22.མདོ་སྡེ་དང་མི་འགལ་བའི་ཕྱིར་སྦྱོར་འབྱོར་མི་འཇིགས་པ་ཐོབ་པར་འགྱུར་བ། 23.དུས་སུ་ཡང་དག་པར་སྐུལ་བའི་ཕྱིར་ཡང་དག་པར་སྐུལ་བ་མི་འཇིགས་པ་ཐོབ་པར་འགྱུར་བ། 24.ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཕྱིར་ཕྱིན་ཅི་མ་ལོག་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 25.སེམས་ཅན་རྣམས་ལ་འདུད་པའི་ཕྱིར་ང་རྒྱལ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 26.སྔོན་ཐོས་པ་ལེགས་པར་གཟུང་བའི་ཕྱིར་ཚིག་དང་། ཡི་གེ་ཟད་མི་ཤེས་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 27.ཆོས་ཚད་མེད་པ་རྟོགས་པའི་ཕྱིར་ཐམས་ཅད་ཀྱི་དྲི་བ་སྐབས་འབྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 28.བདག་ཉིད་ཡོངས་སུ་དག་པར་བྱེད་པའི་ཕྱིར་འཁོར་ཐམས་ཅད་མངོན་པར་མགུ་བར་བྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ། 29.ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་བདུད་དང་། ཕྱིར་རྒོལ་བ་བཅོམ་པ་མི་འཇིགས་པ་ ཐོབ་པར་འགྱུར་བ། 30.ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པའི་ཕྱིར་བྱམས་པ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ། 31.སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ། 32.ཆོས་ཀྱི་རྒྱལ་པོ་བྱེད་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མི་འཇིགས་པ་ཐོབ་པར་འགྱུར་བ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཉན་པ་དང་། མོས་པ་དང་། སྒྲུབ་པ་ན་མི་འཇིགས་པ་སུམ་ཅུ་རྩ་གཉིས་པོ་དེ་དག་ཐོབ་པར་འགྱུར་རོ། ། |
Tibetan Source | 《མདོ་ན་པ་》ཤ་232ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |