11144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བས་ལུས་ཡོངས་སུ་དག་པའི་ཚུལ་ཁྲིམས། 2.བདག་གི་ལྷ་སངས་རྒྱས་ལ་མི་སླུ་བའི་མཚན་ཉིད་ཀྱིས་ངག་ཡོངས་སུ་དག་པའི་ཚུལ་ཁྲིམས། 3.བརྣབ་སེམས་དང་། གནོད་སེམས། ལོག་པར་ལྟ་བ་མེད་པས་སེམས་ཡོངས་སུ་དག་པའི་ཚུལ་ཁྲིམས། 4.ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པའི་ཚུལ་ཁྲིམས། 5.ཉི་ཚེ་བའི་ས་ཐམས་ཅད་མི་སྟོན་པས་བྱང་ཆུབ་ཀྱི་སེམས་དང་། བསམ་པ་མི་བརྗེད་པའི་ཚུལ་ཁྲིམས། 6.ཤིན་ཏུ་ཉམས་པ་མེད་ཅིང་གཡོ་དང་བྲལ་བས་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཚུལ་ཁྲིམས། 7.སྐྱེ་བོ་ཕལ་པ་ཐམས་ཅད་སྡུད་པས་འཕགས་པའི་སྐྱེ་བོས་བསྔགས་པའི་ཚུལ་ཁྲིམས། 8.སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱམས་པ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས། 9.སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པས་སྙིང་རྗེ་ཆེན་པོ་ལ་རབ་ཏུ་སྦྱོར་བའི་ཚུལ་ཁྲིམས། 10.དམ་བཅས་པའི་སྟོབས་ཀྱིས་བསླབ་པ་རྫོགས་པ་མེད་པ་ཡང་དག་པར་འཛིན་པའི་ཚུལ་ཁྲིམས། 11.ཁ་ན་མ་ཐོ་བ་ཆུང་ངུ་ལའང་འཇིགས་པར་ལྟ་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས། 12.ཤིན་ཏུ་མི་གཏོང་བས་སྐྱོན་མེད་པའི་ཚུལ་ཁྲིམས། 13.སྤྱོད་པ་ཤིན་ཏུ་དག་པས་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས། 14.སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བས་རང་གི་རྣམ་པ་མང་པོ་ལ་དབང་བྱེད་པའི་ཚུལ་ཁྲིམས། 15.སྐྱེ་བོ་མཁས་པས་རིག་པའི་ཕྱིར་བསྔགས་པའི་ཚུལ་ཁྲིམས། 16.ངན་སོང་ངན་འགྲོ་ཐམས་ཅད་ཀྱི་ལམ་ལས་སྒྲོལ་བའི་ཚུལ་ཁྲིམས། 17.བདེ་བའི་དངོས་པོ་ཐམས་ཅད་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས། 18.སངས་རྒྱས་ཀྱི་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པས་སངས་རྒྱས་ཀྱིས་གནད་པའི་ཚུལ་ཁྲིམས། 19.ཡི་དམ་ལ་བརྟན་པས་མི་ལྷོད་པའི་ཚུལ་ཁྲིམས། 20.རང་གི་སེམས་དེས་པར་སེམས་པས་བདག་ལ་མི་བསྟོད་གཞན་ལ་མི་སྨོད་པའི་ཚུལ་ཁྲིམས། 21.ཉོན་མོངས་པ་མེད་པས་ངེས་པར་སེམས་པའི་སྙིང་རྗེའི་ཚུལ་ཁྲིམས། 22.བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཉེ་བར་བྱེད་པའི་ཚུལ་ཁྲིམས། 23.རབ་ཏུ་དགའ་བར་བྱེད་པ་ལ་དགའ་བར་བྱེད་པའི་ཚུལ་ཁྲིམས། 24.འདོད་པ་དང་ཆགས་པ་མེད་པས་ཆོག་ཤེས་པར་ བྱེད་པའི་ཚུལ་ཁྲིམས། 25.ནན་ཏན་སྙིང་པོར་བྱེད་པས་སྒྲུབ་པ་རླབས་པོ་ཆེའི་ཚུལ་ཁྲིམས། 26.ཁྱིམ་གྱི་གནས་ཐམས་ཅད་ལ་མི་ལྟ་བའི་རབ་ཏུ་འབྱུང་བ་ལ་གཞོལ་བའི་ཚུལ་ཁྲིམས། 27.ཆོས་ཀྱི་དགའ་བ་ལ་དགའ་མོས་པས་དགོན་པ་ལ་དགའ་བ་དང་ལྡན་པའི་ཚུལ་ཁྲིམས། 28.འཕགས་པའི་རིགས་ལ་རྟོན་པས་འདོད་པ་ཉུང་ཞིང་ཆོག་ཤེས་པ་ལ་ངེས་པའི་ཚུལ་ཁྲིམས། 29.སྡིག་པ་འདོད་པ་ཐམས་ཅད་དང་བྲལ་བས་སྦྱངས་པའི་ཡོན་ཏན་ལ་ཡང་དག་པར་རབ་ཏུ་སྦྱོར་བའི་ཚུལ་ཁྲིམས། 30.སེམས་ཅན་མེད་པར་རྣམ་པར་སྤྱོད་པས་དམིགས་པ་མེད་པར་སྦྱོར་བའི་ཚུལ་ཁྲིམས། 31.ཆད་པ་དང་རྟག་པ་ཡོངས་སུ་སྤོང་བས་ལྟ་བར་སོང་བ་ཐམས་ཅད་དང་གཏི་མུག་སེལ་བའི་ཚུལ་ཁྲིམས། 32.རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བས་བྱང་ཆུབ་ཀྱི་རྗེས་སུ་མཐུན་པའི་ཚུལ་ཁྲིམས། རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ ། །

Tibetan Source 《མདོ་ན་པ་》ཤ་424བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number