11145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.ཞི་གནས་ཀྱི་གནས་ལ་འཇུག་པ། 2.ལྷག་མཐོང་རྣམ་པར་དཔྱོད་པའི་འཇུག་པ། 3.སེམས་ལས་སུ་རུང་བའི་འཇུག་པ། 4.ལུས་དབེན་པ་ལ་འཇུག་པ། 5.སེམས་དབེན་པ་ལ་འཇུག་པ། 6.རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ། 7.བདེན་པའི་རྗེས་སུ་མཐུན་པ་ལ་འཇུག་པ། 8.ཆད་པ་མེད་པ་ལ་འཇུག་པ། 9.རྟོག་པ་མེད་པ་ལ་འཇུག་པ། 10.རྒྱུ་དང་། རྐྱེན་ལ་འཇུག་པ། 11.བདག་ མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་འཇུག་པ། 12.འོང་བ་དང་། འགྲོ་བ་དང་། གནས་མེད་པ་ལ་འཇུག་པ། 13.མི་འཕོ་ཞིང་རྒྱུ་དང་། འབྲས་བུ་ཆུད་མི་ཟ་བ་ལ་འཇུག་པོ། 14.སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་ལ་འཇུག་པ། ། 15.སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མངོན་སུམ་དུ་མི་བྱེད་པ་ལ་འཇུག་པ། ། 16.བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྐྱེད་པའི་ཚུལ་ལ་འཇུག་པ། 17.བསམ་གཏན་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བ་ལ་འཇུག་པ། 18.མངོན་པར་ཐར་པའི་ཡེ་ཤེས་ལ་འཇུག་པ། 19.ཟག་པ་ཟད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་མ་ཡིན་པ་ལ་འཇུག་པ། 20.ནང་དུ་རྟོག་པ་ལ་འཇུག་པ། 21.ངེས་པར་གྱུར་པར་མི་འཇུག་པ་ལ་འཇུག་པ། 22.འདུས་བྱས་ཀྱི་སྐྱོན་ཡོངས་སུ་འཇལ་བ་ལ་འཇུག་པ། 23.འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་མི་བྱེད་པར་འཇུག་པ། 24.སེམས་ཅན་ཐམས་ཅད་བདག་མེད་པར་སོ་སོར་རྟོག་པ་ལ་འཇུག་པ། 25.སྙིང་རྗེ་ཆེན་པོ་མི་གཏོང་བ་ལ་འཇུག་པ། 26.སྐྱེ་བ་ཐམས་ཅད་འཇིགས་པར་ལྟ་བ་ལ་འཇུག་པ། 27.རྟག་ཏུ་བསམ་བཞིན་དུ་ཤེས་པས་སྲིད་པ་ཐམས་ཅད་ཡོངས་སུ་འཛིན་པར་འཇུག་པ། 28.ཡིད་འབྱུང་ཞིང་འདོད་ཆགས་དང་བྲལ་བར་འཇུག་པ། 29.འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་སུམ་དུ་མི་བྱེད་པར་འཇུག་པ། 30.འདོད་པའི་དགའ་བའི་ཡོན་ཏན་ཡལ་བར་འདོར་བ་ལ་འཇུག་པ། 31.ཆོས་ཀྱི་དགའ་བ་མི་གཏོང་བ་ལ་འཇུག་པ། 32. སྤྲོས་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་འཇུག་པ། 33.ཐབས་མཁས་པའི་སྤྲོས་པ་དང་། རྣམ་པར་རྟོག་པར་མི་སྤོང་བར་འཇུག་པ་དང་སོ་གསུམ་མོ། ། (སྐབས་འདིར་འཇུག་པ་གཅིག་འཕར་འདུག་པ་དཔྱད།)

Tibetan Source 《མདོ་ཕ་པ་》ཤ་180བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number