11148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུར་གྱུར་པའི་བསོད་ནམས་བརྗོད་པར་བྱ་བ་སུམ་ཅུ་རྩ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.བླ་མ་རྣམས་ཀྱི་སྐྱེལ་བསུ་དང་ཆོས་ཉན་པ་དང་འཁོར་གཡོག་འབུལ་བ་ལ་སོགས་པ་རྣམས་ཀྱིས་སོ། ། 2.ཡང་དག་པར་བླངས་པ་ཡི་དམ་བརྟེན་པས་སོ། ། 3.བསྡུ་བའི་དངོས་པོ་བརྟན་པས་སོ། ། 4.-5.གྱ་ནོམ་པའི་བཟའ་བཏུང་ལ་སོགས་པ་སྦྱིན་པས་སོ། ། 6.བཅིངས་པ་ལས་གྲོལ་བར་བྱས་པས་སོ། ། 7.སྲོག་འཚོ་བ་ཉིད་རྗེས་སུ་འཛིན་པས་སོ། ། 8.སྲོག་གཅོད་པ་ལས་ལྡོག་པའི་ཀུན་ཏུ་བརྟེན་པ་ལས་སོ། ། 9.དགེ་བའི་ཆོས་ཡང་དག་པར་བླངས་ཤིང་བཟུང་བས་སོ། ། 10.ཆོས་ཡང་དག་པར་སྤེལ་བས་སོ། ། 11.གུས་པས་རིག་པ་དང་བཟོ་ལ་སོགས་པ་སྦྱིན་པས་ས། ། 12.ནོར་ཡོད་བཞིན་དུ་སློང་བ་པོའི་སྐྱེ་བོ་མ་སྤངས་པས་སོ། ། 13.སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ལེན་དུ་བཅུག་པས་དང་གསང་བ་རྗེས་སུ་སྲུང་བས་སོ། ། 14.གྱ་ནོམ་པའི་མལ་ཆ་སྦྱིན་པས་སོ། ། 15.ཁང་བཟང་མཆོག་ལ་སོགས་པ་སྦྱིན་པས་སོ། ། 16.འཚོགས་འདུ་ལ་སོགས་པ་སྤངས་པས་སོ། ། 17.གུས་པར་བྱ་བའི་སྐྱེ་བོ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་འཇོག་པར་བྱེད་པས་སོ། ། 18.ཐམས་ཅད་དུ་ཚིག་རྩུབ་མོ་སྤངས་པས་སོ། ། 19.སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བ་དག་ལ་རྗེས་སུ་མཐུན་པར་བྱེད་པས་སོ། ། 20.སྨན་གྱི་སྦྱིན་པས་སོ། ། 21.ནད་པ་རྣམས་ཀྱི་རིམ་གྲོ་བྱས་པས་སོ། ། 22.ཚལ་དང་ཀུན་དགའ་བ་ལ་སོགས་པ་རང་ཉིད་བྱེད་པ་དང་། གཞན་བྱེད་དུ་འཇུག་པས་སོ། ། 23.གཙུག་ལག་ཁང་ལ་སོགས་པ་མང་དུ་སྦྱིན་པས་སོ། ། 24.ཚིག་འཇམ་པོ་ལ་སོགས་པས་སོ། ། 25.འཇིག་རྟེན་ཐམས་ཅད་དུ་སེམས་ཅན་ལ་དམ་པའི་ཆོས་སྒྲོགས་པས་སོ། ། 26.ངག་ཀྱལ་པ་ལས་ལྡོག་པས་སོ། ། 27.སྐྱེ་བོ་ཐམས་ཅད་རི་མོར་བྱེད་པས་སོ། ། 28.འཚོ་བ་རྣམ་པར་དག་པས་སོ། ། 29.བདེན་པར་སྨྲ་བས་སོ། ། 30.དབྱེན་སྨྲ་བ་མ་གོམས་པས་སོ། ། 31.སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བས་སོ། ། 32.ཁོང་ཁྲོ་ལ་སོགས་པས་དབེན་པ་མཐོང་བས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་304ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number