1115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་ཀྱི་ཁྱད་པར་ལས་འབྱུང་བའི་དམ་ཚིག་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.ཆོས་ཞེས་བྱ་བ་ནི། དང་པོའི་སེམས་ཏེ། རྣམ་པར་བསྒོམས་པའི་རང་བཞིན་དང་། དེའི་རྗེས་ལ་བྱུང་བའི་ཤེས་རབ་དང་། དེས་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བའི་སེམས་བསྐྱེད་པ་ནི། བྱང་ཆུབ་ཀྱི་སེམས་སོ། ། 2.རྣམ་པར་མི་རྟོག་པ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ངོ་། ། 3.ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་ཀྱང་སེམས་ཅན་གྱི་ཁམས་མ་གླུས་པ་ལ་བལྟས་ནས་སྙིང་རྗེའི་དབང་དུ་གྱུར་པས་དམིགས་སུ་མེད་པ་དེ་ཉིད་འདི་ལྟ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་ལ་སེམས་ཅན་རྣམས་རབ་ཏུ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བའོ། ། ཁག་གཉིས་པ། 1.དང་པོའི་སེམས་ནི་སངས་རྒྱས་སོ། ། 2.གཉིས་པ་ནི། ཆོས་ཞེས་བྱའོ། ། 3.དེ་དང་ལྷན་ཅིག་བྱུང་བའི་སེམས་དགེ་འདུན་ཞེས་བྱ་བའོ། །

Tibetan Source 《རྒྱུད་ཉ་པ་》ཤ་290ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number