11161
Tibetan | སྲིད་པ་ཐ་མ་པ་མངལ་དུ་འཇུག་པའི་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ།
1.ཀུན་གྱིས་མངོན་པར་རིག་པ། 2.སྤྱོད་པ་ལ་གླགས་མི་ཐོད་པ། 3.རིགས་ཕུན་སུམ་ཚོགས་པ། 4.ཆོ་འབྲང་ཕུན་སུམ་ཚོགས་པ། 5.གཟུགས་ཕུན་སུམ་ཚོགས་པ། 6.མིང་ཕུན་སུམ་ཚོགས་པ། 7.ཆུ་ཞེང་ཕུན་སུམ་ཚོགས་པ། 8.སྔོན་ཆད་མ་བཙས་པ། 9.ཚུལ་ཁྲིམས་ཕུན་སུམ་ཚོགས་པ། 10.གཏོང་བ་ཕུན་སུམ་ཚོགས་པ། 11.བཞིན་འཛུམ་པ། 12.མཐུན་པར་འཛིན་པ། 13.གསལ་བ། 14.དུལ་བ། 15.འཇིགས་པ་མེད་པ། 16.མང་དུ་ཐོས་པ། 17.མཁས་པ། 18.སྒྱུ་མེད་པ། 19.གཡོ་མེད་པ། 20.མི་ཁྲོ་བ། 21.ཕྲག་དོག་མེད་པ། 22.སེར་སྣ་མེད་པ། 23.མི་རྒོད་པ། 24.མི་གཡེང་བ། 25.ཅ་ཅོ་མེད་པ། 26.བཟོད་ཅིང་དེས་པ་དང་ལྡན་པ། 27.ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། 28.འདོད་ཆགས། 29.ཞེ་སྡང་། 30.གཏི་མུག་གི་ཤས་ཆུང་བ། 31.བུད་མེད་ཀྱི་སྐྱོན་དང་བྲལ་བ། 32.ཁྱིམ་ཐོབ་ཀྱི་བརྟུལ་ཞུགས་དང་ལྡན་པ་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་བུད་མེད་ཀྱི་མངལ་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འཇུག་གོ ། |
Tibetan Source | 《མདོ་ཁ་པ་》ཤ་26ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |