11170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྣང་བའི་རང་བཞིན་སུམ་ཅུ་རྩ་གསུམ།
Tibetan Alternate
Tibetan Definition 1.ཆགས་བྲལ་ནི་ངོ་བོ་ཞེ་སྡང་སྟེ་ཡུལ་ལ་མི་སྡུག་པར་འཛིན་པ་ཡིན་ཅིང་དེ་ལ་ཆེ་ཆུང་གི་དབྱེ་བས་གསུམ་སྟེ། དེའང་ཅུང་ཟད་འཛིན་སྟངས་མི་གསལ་བ་ཆུང་ངུ་དང་། གསལ་པོ་བྱུང་ཡང་ཡུན་ཐུང་བ་སོགས་ཀྱིས་འདུ་བྱེད་རྩོམ་མི་ཐུབ་པ་འབྲིང་དང། གསལ་ལ་ཡུན་རིང་བས་འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པོའོ། །

2.ཡིད་ལ་འགྲོ་བ་ནི་ཡུལ་ལ་ཕར་སེམས་པ་དང་། འོང་བ་ནི་སླར་ནང་དུ་སེམས་པ་སྟེ། གཉིས་ཀར་སེམས་པའོ། ། 3.མྱ་ངན་ནི་ཡུལ་ཡིད་དུ་འོང་བ་བྲལ་བའི་གདུང་བ་སྟེ། དེའང་ཆེ་ཆུང་གི་དབྱེ་བས་གསུམ་མོ། ། 4.ཞི་བ་ནི་དལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འཇུག་པ་སྟེ་ཤེས་བཞིན་མ་ཡིན་པའོ། ། 5.རྣམ་རྟོག་ནི་མིང་དོན་བསྲེས་པའི་མཚན་མར་འཛིན་པའི་འདུ་ཤེས་སོ། ། 6.འཇིགས་པ་ནི་སྐྲག་པ་སྟེ། དེའང་ཆེ་ཆུང་གི་དབྱེ་བས་གསུམ་མོ། ། 7.སྲེད་པ་ནི་དུས་གསུམ་དུ་བྱུང་བའི་ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་ཞེན་པ་སྟེ། དེ་ཡང་ཆེ་ཆུང་གི་དབྱེ་བས་གསུམ་མོ། ། 8.ལེན་པ་ནི་སྲིད་པའི་ཡུལ་ལ་འཇུག་པར་འདོད་པའོ། ། 9.བཀྲེས་པ་དང་སྐོམ་པས་ཡིད་མི་བདེ་བ་གཉིས། 10.ཚོར་བ་ངོ་བོ་ནི་བདེ་སྡུག་བཏང་སྙོམས་རྣམས་ཡིན་ལ། ཆེ་ཆུང་གི་དབྱེ་བས་གསུམ་མོ། ། 11.རིག་པ་པོ་སྟེ་རིག་པ་དངོས། 12.རིག་ཅེས་པ་ནི་རིག་མཁན་བྱེད་པ་པོ། 13.འཛིན་པའི་གཞི་སྟེ་རིག་བྱའི་ཡུལ་རྣམས་ལ་དེ་མ་ཡིན་ལ་དེར་འཛིན་པའི་ལོག་ཤེས་ཏེ་ཡུལ་གསུམ་པོ་དེའི་དབྱེ་བས་གསུམ་མོ། ། 14.རིགས་པ་དང་མི་རིགས་པ་དཔྱོད་པའི་སོ་སོར་རྟོག་པ། ། 15.ངོ་ཚ་ཤེས་པ་ནི་རང་ངན་པར་སོང་བའམ་འགྲོ་བ་མི་འདོད་པའམ། གཞན་ཁྲེལ་གྱིས་དོགས་པས་བྱ་བ་ངན་པ་ལ་འཛེམ་པ་སྟེ། ཁྲེལ་ཡོད་ཀྱང་འདིའི་ནང་དུ་བསྡུའོ། ། 16.གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། གཞན་ཡིད་དུ་འོང་བའི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ནི་བརྩེ་བ་སྟེ་དབྱེ་ན་ཆེ་ཆུང་གསུམ་མོ། ། 17.ཡུལ་ཡིད་དུ་སྡུག་པ་དང་བདེ་བར་འདོད་པ་དང་གནོད་པ་ལས་བསྲུང་བར་འདོད་པ་སྟེ་གསུམ་མོ་ཞེས་ཀྱང་འཆད་དོ། ། 18.ཐེ་ཚོམ་དང་འབྲེལ་བར་ཉམ་ངའི་རྣམ་པ་ཅན་ཡིད་བརྟན་མེད་པ་ནི་དོགས་པ། 19.གཏོང་མི་བྲ་བའི་སེར་སྣ་ནི་གསོག་པར་འདོད་པ་སྟེ་བསགས་པ། 20.གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་པ་ནི་ཕྲག་དོག་སྟེ་དེ་ལྟར་བཅས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་697.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number