11183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱེས་རབས་སོ་བཞི།
Tibetan Alternate
Tibetan Definition ཁག་གཉིས་པ། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་འབྲུ་འགྲེལ་ལས་བྱུང་བ་སྟེ།

1.བྲམ་ཟེའི་རིགས་སུ་འཁྲུངས་ཤིང་རབ་ཏུ་བྱུང་ནས་དབེན་པར་འཁོར་སློབ་མའི་ཚོགས་ལ་ཆོས་མང་དུ་བསྟན་ཡུན་རིང་བར་དུ་བསྐྱངས་ནས་སྙིང་རྗེ་དྲག་པོས་ནགས་སུ་སྟག་མོ་བཀྲེས་པར་སྐུ་ལུས་ཀྱི་སྦྱིན་པ་བཏང་བ། 2.ཤི་བིའི་ཡུལ་གྱི་རྒྱལ་པོར་གྱུར་ཚེ་གང་ལ་གང་འདོད་ཀྱི་སྦྱིན་པ་བཏང་ནས་བྲམ་ཟེ་ལ་སྤྱན་སྦྱིན་པའི་བསམ་པ་བརྟག་ཕྱིར་སླར་དྲིས་པས་བདེན་པ་བརྗོད་པས་ལྷའི་མིག་ཐོབ་པ། 3.ཡུལ་ཀོ་ས་ལའི་རྒྱལ་པོར་སྐྱེས་པའི་ཚེ་སྔོན་ཟན་དྲོན་ཆངས་པ་གང་སྦྱིན་འབྲས་སྨིན་པ་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐོབ་པ་དེའི་མཐུ་ཡིན་ཚུལ་དྲན་པ་བཞིན་བརྗོད་པས་བཙུན་ མོས་ཀྱང་སྐྱེ་བ་དྲན་པ། 4.ཚོང་དཔོན་སྦྱིན་དགར་གྱུར་པའི་ཚེ་བདུད་ཀྱིས་དམྱལ་མེ་སྤྲུལ་པ་ལས་བརྒལ་ཏེ་རང་སངས་རྒྱས་ལ་བསོད་སྙོམ་སྦྱིན་པར་མཛད་པ། 5.ཚོང་དཔོན་ཟིལ་མི་ནོན་དུ་གྱུར་ཚེ་བརྒྱ་བྱིན་གྱིས་ནོར་ཀུན་ཟད་དུ་བཅུག་ཀྱང་རྩྭ་བཙོང་བའི་རིན་སྦྱིན་པར་བཏང་བ་ལ་ལྷ་མཉེས་ནས་སྔར་གྱི་ནོར་བྱིན་ནས་ཟས་ནོར་འཛད་པ་མེད་པར་སྤེལ་བ། 6.རི་བོང་དུ་གྱུར་ཚེ་སྲམ་དང་སྤྱང་ཀི་སྤྲེའུ་སོགས་ལ་ཆོས་བསྟན་ནས་བརྒྱ་བྱིན་བྲམ་ཟེའི་གཟུགས་ཀྱིས་འོངས་པ་ལ་མགྲོན་བྱ་ཕྱིར་སྐུ་ལུས་མེར་མཆོང་ཏེ་བསྲེགས་པས་ལྷས་མཆོད་ཅིང་བསྟོད་བསྔགས་རྒྱ་ཆེར་མཛད་པ། 7.བྲམ་ཟེ་ཨ་གས་སྟའི་དུས་སུ་དབེན་པ་རུ་དཀའ་སྤྱད་ཀྱི་ཟས་ཀུན་བརྒྱ་བྱིན་གྱིས་ཟད་དུ་བཅུག་ཀྱང་ལོ་མ་རྐམ་པོ་འགའ་ཙམ་ལུས་པ་བརྒྱ་བྱིན་བྲམ་ཟེར་སྤྲུལ་པའི་མགྲོན་ལ་མཆོད་པས་མཉེས་པ། 8.རྒྱལ་པོ་བྱམས་པའི་སྟོབས་ཀྱིས་ཚེ་གནོད་སྦྱིན་སྤུན་ལྔར་རང་གི་ཤ་ཁྲག་སྦྱིན་ནས་སྨོན་ལམ་བཏབ་པའི་མཐུ་ལས་འཁོར་ལྔ་སྡེ་བཟང་པོར་གྱུར་པ། 9.རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་དུས་ཉིད་ཀྱིས་གང་ལ་གང་འདོད་ཀྱི་སྦྱིན་པ་བཏང་བའི་མཐར་སྤོས་ཀྱི་གླང་པོ་ཆེན་པོ་དང་བཅས་སྦྱིན་པས་ཁྲིམས་ཀྱི་ཡུལ་ནས་བཏོན་ཏེ། (་་་་་་) བྱོན་ནས་ཤིན་ཏུ་གཅེས་པའི་བུ་དང་བུ་མོ་ཆུང་མ་རྣམས་ཡོངས་སུ་སྦྱིན་པ། 10.རྒྱལ་པོ་མཆོད་སྦྱིན་བྱེད་ཀྱིས་ཐབས་ལ་མཁས་པས་ན་འབངས་རྣམས་ཀྱིས་སྲོག་ཆགས་བསད་ནས་མཆོད་སྦྱིན་བྱེད་པར་བསྐུལ་བ་མི་སྡིག་པ་བྱེད་མཁན་རྣམས་བསད་ནས་མཆོད་སྦྱིན་བྱེད་པའི་ཁྲིམས་བཅས་པས་ཀུན་འཇིགས་ནས་སྡིག་པ་ལས་བཟློག་ཏེ་བདེ་བ་དང་དགའ་བར་སྦྱར་བ། 11.གཉིས་པ་བརྒྱ་བྱིན་དུ་གྱུར་ཚེ་གཡུལ་དུ་ལྷ་ཡི་དམག་གིས་བོར་ནས་རྗེས་སུ་ལུས་པས་ལམ་དུ་ཤིང་རྩེར་ཁྱུང་ཚང་སྐྱོབ་པའི་ཕྱིར་ཤིང་རྟས་བཤིགས་ཀྱིས་དོགས་ནས་ཁ་ཕྱིར་བསྒྱུར་ཏེ་གཤེགས་པས་ལྷ་མིན་བྱེར་ཏེ་བྲོས་པ་ལྷ་དམག་གིས་མཐོང་ནས་བཟོད་གསོལ་ཕུལ་བ། 12.བྲམ་ཟེར་གྱུར་པའི་ཚེ་མཁན་པོས་ཚོད་བརྟག་པའི་ཕྱིར་གཞན་ནོར་བརྐུ་བར་བསྐུལ་ཚེ་དེ་ལ་མ་ཞུགས་པས་སློབ་དཔོན་གྱི་ཐུགས་དེ་ལ་མཉེས་པར་གྱུར་པ། 13.རྒྱལ་པོར་གྱུར་ཚེ་གཟུགས་མཛེས་ཆེ་བས་བུད་མེད་དེ་མཐོང་ཚད་མྱོས་པར་འགྱུར་བའི་མྱོས་བྱེད་མར་ཆགས་ཀྱང་བསྲན་པར་དེའི་བདག་པོ་བློན་པོས་ནན་གྱིས་ཐབས་དུ་མས་ཕུལ་ཀྱང་བསྲན་མི་བཟོད་པ་ལ་བཟོད་བསྲན་བསྐྱེད་པ་མཐར་ཕྱིན་ཏེ་མ་བཞེས་པ། 14.ཕ་རོལ་ཏུ་ཕྱིན་པར་གྱུར་པའི་ཚེ་རྒྱ་མཚོའི་གྲུ་རླུང་གིས་བདས་པས་འདམ་བུ་ཚལ་སོགས་བགྲོད་མི་རུང་བའི་གནས་དུ་མ་ལས་འདས་པ་སྲོག་གཅོད་མ་བྱས་པའི་བདེན་པ་བརྗོད་པས་ཞག་གཅིག་ལ་སླར་རང་ཡུལ་དུ་རིན་པོ་ཆེ་སྣ་ཚོགས་དང་བཅས་ཏེ་ལོག་པ། 15.ཉ་རུ་གྱུར་པའི་ཚེ་སྐམ་ནས་ཉའི་ཚོགས་རྣམས་འཆི་བར་ཐུག་པའི་ཚེ། དེ་དག་གི་སྲོག་འཚོ་བའི་ཕྱིར་དུ་བདེན་པ་བརྗོད་པས་ཆར་བབས་པས་ཉ་སྲོག་བསྐྱབས་པ། 16.སྲེག་པའི་ཕྲུག་གུར་གྱུར་པའི་ཚེ་ནགས་སུ་མེ་འབར་བར་བདེན་པ་བརྗོད་པས་མེ་དཔུང་མཆེད་པ་ཞི་བར་གྱུར་བ། 17.བརྒྱ་བྱིན་དུ་གྱུར་པའི་ཚེ་སྤྲུལ་པས་ཆང་གི་ཉེས་པ་བརྗོད་པའི་མཐུས་རྒྱལ་འབངས་འཁོར་བཅས་ཆང་སྤང་ནས་དགེ་བ་ལ་སྦྱར་བ། 18.ཕྱུག་པོར་སྐྱེས་པའི་ཚེ་ནོར་ཀུན་སྦྱིན་ནས་རབ་ཏུ་བྱུང་བར་བཤོལ་ཡང་མ་ཉན་པར་ཁྱིམ་གྱི་ཉེས་པ་ཀུན་བརྗོད་པ། 19.བྲམ་ཟེར་སྐྱེས་ཚེ་སྤྱན་དང་སྲིང་མོ་བྲན་དང་བཅས་ཏེ་རབ་ཏུ་བྱུང་ནས་དབེན་པར་པདྨའི་རྩ་བཟོས་ཏེ་བཞུགས་པ་ལས་བརྒྱ་བྱིན་གྱིས་པདྨའི་རྩ་བ་སྦས་པས་སྐུ་ལུས་རྒུད་ཀྱང་མ་ཁྲོས་པས་སླར་བཟོད་པར་གསོལ་བ་ཕུལ་བ། 20.ཚོང་དཔོན་དུ་གྱུར་པའི་ཚེ་ཆུང་མ་དང་ཉེ་དུས་རབ་ཏུ་བྱུང་ངོ་ཞེས་ངུ་སྒྲ་དོན་མེད་དུ་བསྒྲགས་ཐོས་པས་རྐྱེན་གྱིས་བསྐུལ་མ་བྱས་ཏེ་བློ་བདེན་པར་ཕྱོགས་ནས་ མཛའ་བཤེས་རྣམས་ཐབས་ཀྱི་བྲིད་དེ་རབ་ཏུ་བྱུང་བ། 21.གསུམ་པ་གཙུག་ཕུད་བྱང་ཆུབ་ཏུ་གྱུར་ཚེ་ཆུང་མ་དང་བས་པ་རབ་ཏུ་བྱུང་ནས་དབེན་པར་བཞུགས་པའི་ཆུང་མ་རབ་ཏུ་བྱུང་བ་རྒྱལ་པོས་འཕྲོག་ནས་བརྙས་ཐབས་བྱས་པ་ལ་མ་ཁྲོས་པས་སླར་གུས་འདུད་བྱས་ཏེ་བྲན་དུ་གྱུར་པ། 22.བྱ་ངང་པའི་རྒྱལ་པོར་གྱུར་པའི་ཚེ་རྒྱལ་བློན་གཉིས་སྙི་ཡིས་བཟུང་བས་བློན་དང་བཅས་པས་སྙི་མཁན་དང་རྒྱལ་པོ་འཁོར་བཅས་ལ་ལ་ཆོས་གསུངས་པ་དད་ནས་མཆོད་ཅིང་སྦྱར་བ། བསྟོད་པ་མཛད་པ། 23.བྱང་ཆུབ་ཆེན་པོར་གྱུར་པའི་ཚེ་རྒྱལ་བློན་རྣམས་རྫུ་འཕྲུལ་ཐབས་གྱིས་ལྟ་བ་ངན་པ་ལས་བཟློག་སྟེ་ལམ་བཟང་པོ་ལ་བཙུད་པ། 24.སྤྲེའུར་གྱུར་པའི་ཚེ་གཡང་ལ་ལྷུང་བ་ཁུར་ནས་བདེ་སར་དྲངས་ཀྱང་དེས་གསོད་པར་བརྩམས་པ་ལ་སྙིང་རྗེ་ནས་ལམ་དང་རང་ཡུལ་བསྟན་པ། 25.རི་དྭགས་ཤ་ར་བྷར་སྐྱེས་ཚེ་གསོད་མཁན་གཡང་ལ་ལྷུང་བའི་རྒྱལ་པོ་བདེ་སར་བཏོན་ནས་ལམ་བསྟན་ཏེ་ཆོས་ལ་སྦྱར་བ། 26.རི་དྭགས་རུ་རུར་གྱུར་ཚེ་ཆུས་ཁྱེར་བའི་མི་ཆུ་ལས་བདེ་བར་བླངས་པའི་མི་ཡིས་བསྟན་པས་རྒྱལ་པོའི་དམག་གིས་བསྐོར་ཏེ་གསོད་པར་བརྩམས་པ་ཆོས་གསུངས་པས་བཏུལ་བ། 27.སྤྲེའུར་གྱུར་ཚེ་རྒྱལ་པོའི་དམག་གིས་མཚོན་ཆ་སྣ་ཚོགས་འཕང་པ་ལས་ཤིང་གི་རྩེར་ཉིད་ཀྱི་སྐུ་ལ་ལམ་བྱས་ཏེ་འཁོར་གྱི་སྤྲེའུའི་ཚོགས་འཇིགས་པ་དེ་ལས་བསྐྱབས་ཏེ་རྒྱལ་འབངས་རྣམས་དད་པ། 28.བཟོད་པ་སྨྲ་བར་གྱུར་ཚེ་རྒྱལ་པོའི་བཙུན་མོ་རྣམས་དད་པ་ལ་རྒྱལ་པོ་ཆགས་པའི་དབང་གིས་ཁྲོས་ནས་ཡན་ལག་རྣམས་བཅད་པས་ས་གས་ཏེ་རྒྱལ་པོ་དམྱལ་བར་ལྷུང་བ། 29.ཚངས་པར་གྱུར་ཚེ་ལྟ་བ་ལོག་པའི་རྒྱལ་པོ་ལ་ཆོས་བསྟན་པས་ཡིད་ཆེས་ཐོབ་ནས་མངའ་འབངས་རྣམས་བདེ་བ་དང་དགེ་བར་སྦྱར་བ། 30.གླང་ཆེན་དུ་གྱུར་ཚེ་རྒྱལ་པོའི་ཆད་པས་མཐར་བསྐྲད་པའི་མི་བདུན་བརྒྱའི་ལམ་བསྟན་ནས། དེ་དག་གི་ཟས་ཀྱི་ཕྱིར་དུ་གཡང་དུ་མཆོངས་ཏེ་སྲོག་གི་སྦྱིན་པས་གཞན་སྲོག་ལས་བསྐྱབས་པ། 31.བཞི་པ་རྒྱལ་བུ་ཟླ་བར་གྱུར་པའི་ཚེ་སུ་དཱ་སིའི་བུས་མི་རྣམས་བསད་ནས་ཤས་འཚོ་བ་དེས་བཟུང་ནས་གནས་སུ་ཁྱེར་བ་ལ་བདེན་པ་བརྗོད་པས་དད་དེ་ཆོས་ཉན་དམ་པ་བཞི་ཁས་བླངས་ནས་མི་བཟུང་བ་རྣམས་བཏང་ནས་སྡིག་ལས་ལྡོག་ཏེ་ཀུན་ཀྱང་བདེ་བར་བཀོད་པ། 32.ལྕགས་ཀྱིས་ཁྱིམ་དུ་སྐྱེས་པའི་རྒྱལ་བུར་གྱུར་པའི་ཚེ་མེ་ཏོག་ཀུ་མུ་ཏའི་དགའ་སྟོན་ལ་སྐྱོ་བ་སྐྱེས་པས་རྐྱེན་དུ་གྱུར་པ་དེས་རབ་ཏུ་བྱུང་ནས་དབེན་པ་བསྟེན་ནས་གཞན་དག་ཀྱང་ཆོས་ལ་བཀོད་པ། 33.མ་ཧེར་གྱུར་པའི་ཚེ་སྤྲེའུ་ཡིས་གཉའ་བར་ཞོན་པ་སོགས་མང་དུ་འཚེ་བ་ལ་བཟོད་ཅིང་གནོད་སྦྱིན་གྱིས་དྲིས་པའི་ལན་དུ་བཟོད་པ་སྒོམ་དགོས་པའི་ཚུལ་བརྗོད་པས་དད་དེ་སོང་བ། 34.བྱ་ནི་ཤིང་རྟ་མོར་གྱུར་པའི་ཚེ་སེང་གེའི་མིད་པར་རུས་པ་ཟུག་པ་བསལ་ནས་རྗེས་སོར་ཟས་བསླང་བ་ལ་ཁྲོས་ནས་བཟང་དྲིན་བརྗེད་པ་ལ་མ་ཁྲོས་པར་ལྷས་བསྔགས་བརྗོད་བྱས་པ་དང་སུམ་ཅུ་རྩ་བཞིའོ། །

Tibetan Source 《མདོ་རྒྱུད་མཛོད་ག་པ་》ཤ་215.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number