11184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱེས་རབས་སོ་བཞིའི་ཆོས་ཀྱི་དོན་བསྡུས་པ་སོ་བཞི།
Tibetan Alternate
Tibetan Definition དེ་ཡང་། སྐྱེས་རབས་ཀྱི་ཊིཀ་ལས་བྱུང་བ་སྟེ།

1.འཁོར་བའི་ཉེས་པ་སྤང་བ་དང་བདག་ལ་ཆགས་པ་སྤང་བའོ། ། 2.-5.སྦྱིན་པའི་བསྔགས་པ་དང་སེར་སྣའི་ཉེས་པའོ། ། 6.བསོད་ནམས་ལ་འབད་པ། 7.ཐེག་པ་ཆེན་པོའི་ལམ་ལ་གནས་པ་དང་། ཆོག་ཤེས་པ་གྲོགས་པོ་ངན་པ་སྤངས་པ་། དམ་པ་དང་མི་མཐུན་པའི་རྐྱེན་དང་འབྲལ་བར་བརྟག་པ། 8.ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང་། སྡིག་པ་ལྔ་སྤང་བ་དང་། སྦྱིན་པའི་བསྔགས་པ་བརྗོད་པ། 9.སྦྱིན་པ་ལ་འབད་པར་བྱ་བ། 10.སྡིག་པ་སྤང་བ། 11.འཚེ་བ་བཟློག་པ། 12.-13.ངོ་ཚ་ཤེས་པ་ལ་གནས་པར་བྱ་བ། 14.-16.བདེན་པའི་བྱིན་རླབས་བརྗོད་པ། 17.ཆང་གི་ཉེས་པ། 18.ཁྱིམ་གྱི་གནོད་པ་དང་འདོད་པའི་ཉེས་པ། 19.འདོད་པའི་ཉེས་པ། 20.གཞན་གྱིས་ཡོན་ཏན་དང་ལྡན་པར་རེ་བ་བསྒྲུབ་པ། 21.ཁྲོ་བའི་ཉེས་པ། 22.ཡོན་ཏན་ལ་འབད་པ། 23.ལྟ་བ་ངན་པ་ཚར་བཅད་པ་དང་། སྡིག་པའི་གྲོགས་པོ་སྤོང་བ་དང་། བསོད་ནམས་ལ་འབད་པ་དང་། ཆོས་ཀྱི་རྒྱལ་སྲིད་བསྐྱང་བ། 24.སྡིག་པ་སྤང་བ། 25.རི་དྭགས་ལ་གནོད་པ་སྤང་བ་དང་། གཞན་ལ་གནོད་པ་སྤང་བ་དང་། བསོད་ནམས་ལ་འབད་པར་བྱ་བ། 26.སྡིག་པ་སྤང་བ་དང་། སྙིང་རྗེ་བསྐྱེད་པ་དང་། ཆོས་ཀྱིས་རྒྱལ་སྲིད་བསྐྱང་བ། 27.བྱས་པ་དྲིན་དུ་གཟོ་བ་དང་། ཆོས་ཀྱིས་རྒྱལ་སྲིད་བསྐྱང་བ། 28.བསོད་ནམས་ལ་འབད་པ་དང་། བག་ཡོད་པར་བསྒྲུབ་པ་དང་། བཟོད་པ་ལ་གནས་པར་བྱ་བ། 29.ཡང་དག་པའི་ལྟ་བ་བསྐྱེད་པའི་ཐབས་དང་། ལོག་པར་ལྟ་བའི་ཉེས་དམིགས་དམྱལ་བའི་གནོད་པ་དང་མཐོ་རིས་དང་། ཐར་པའི་ལམ། 30.སྙིང་རྗེས་གཞན་དབུགས་དབྱུང་བ་དང་སྨོན་ལམ་ཆེན་པོ་གདབ་པ། 31.ཐོས་པའི་བསྔགས་པ་དང་ལེགས་པར་བཤད་པའི་ཁྱད་པར་བཞི་དང་གཞན་ལམ་བཟང་པོ་ལ་སྦྱར་བ། 32.འཁོར་བའི་ཉེས་པ་དང་འཆི་བ་བསྒོམ་པ། 33.-34.བཟོད་པའི་ཕན་ཡོན་བཅས་སོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་པོ་པ་》ཤ་278བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number