11197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆང་གི་ཉེས་དམིགས་སོ་ལྔ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགའ་བ་ཅན་གྱི་མདོ་ལས་བྱུང་བ་སྟེ།

1.ཚེ་འདི་ལ་ནོར་ཟད་པ། 2.ནད་རྣམས་རྒྱས་པར་བྱེད་པ། 3.འཐབ་པ་དང་། རྩོད་པ་སྐྱེད་པ། 4.དོན་མེད་པ་ལ་ལྟ་བ། 5.གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ། 6.ཤེས་རབ་ཉམ་ཆུང་བར་བྱེད་པ། 7.ལོངས་སྤྱོད་ཐོབ་པ་མི་འཐོབ་པར་འགྱུར་བ། 8.ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ། 9.གསང་མི་ཐུབ་པར་འགྱུར་བ། 10.དེ་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ། 11.མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ། 12.མར་མི་འཛིན་པར་འགྱུར་བ། 13.ཕར་མི་འཛིན་པར་འགྱུར་བ། 14.དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ། 15.བྲམ་ཟེར་མི་འཛིན་པར་འགྱུར་བ། 16.རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མེད་པར་འགྱུར་བ། 17.སངས་རྒྱས་ལ་མི་གུས་པར་འགྱུར་བ། 18.ཆོས་ལ་མི་གུས་པར་འགྱུར་བ། 19.དགེ་འདུན་ལ་མི་གུས་པར་འགྱུར་བ། 20.བསླབ་པ་ཡང་དག་པར་བླངས་པ་ལ་མི་གུས་པར་འགྱུར་བ། 21.ཚུལ་ཁྲིམས་འཆལ་བར་འགྱུར་བ། 22.དབང་པོའི་སྒོ་མ་བསྡམས་པར་འགྱུར་བ། 23.བག་མེད་པར་ཤིན་ཏུ་བུད་མེད་དོན་དུ་གཉེར་བ། 24.ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། མཛའ་བཤེས་དང་། བློན་པོ་དག་གིས་སྤོང་བར་འགྱུར་བ། 25.སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ། 26.སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་པ། 27.ཆོས་མ་ཡིན་པའི་སྤྱོད་པར་འགྱུར་བ། 28.ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ། 29.དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ། 30.ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཡོངས་སུ་སྤོང་བར་འགྱུར་བ། 31.མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ། 32.བག་མེད་པ་ཉམ་བག་ཏུ་སྤྱོད་པར་འགྱུར་བ། 33.དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ། 34.མྱ་ངན་ལས་འདས་པ་ལས་ཐག་རིང་དུ་འགྱུར་བ། 35.སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ནའང་དེ་གང་དང་། གང་དུ་སྐྱེས་པ་དེ་དང་། དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ། །

Tibetan Source 《མདོ་ལོ་པ་》ཤ411བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number