11198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྟུང་བཤགས་སངས་རྒྱས་སོ་ལྔ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། དཀོན་བརྩེགས་འཕགས་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔས་མཚམས་མེད་པ་ལྔ་དང་ལྡན་པ་ཉེས་པ་དང་། བུད་མེད་ཀྱི་ཉེས་པ། ཁྱེའུའི་ཉེས་པ་ལག་པའི་ཉེས་པ། མཆོད་རྟེན་གྱི་ཉེས་པ། དགེ་འདུན་གྱི་ཉེས་པ་དང་། དེ་ལས་གཞན་པའི་ཉེས་པ་ལྕི་བ་རྣམས་སྤྱན་སྔར་བཤགས་པར་བྱ་བའི་ལྟུང་བཤགས་སངས་རྒྱས་ཏེ། 1.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། 2.རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ་ཞེས་པ་གཤམ་དུ་ཚང་མར་སྦྱོར་དགོས། 3.རིན་ཆེན་འོད་འཕྲོ། 4.ཀླུ་དབང་གི་རྒྱལ་པོ། 5.དཔའ་བོའི་སྡེ། 6.དཔལ་དགྱེས། 7.རིན་ཆེན་མེ། 8.རིན་ཆེན་ཟླ་འོད། 9.མཐོང་བ་དོན་ཡོད། 10.རིན་ཆེན་ཟླ་བ། 11.དྲི་མ་མེད་པ། 12.དཔལ་བྱིན། 13.ཚངས་པ། 14.ཚངས་པས་བྱིན། 15.ཆུ་ལྷ། 16.ཆུ་ལྷའི་ལྷ། 17.དཔལ་བཟང་། 18.ཙན་དན་དཔལ། 19.གཟི་བརྗིད་མཐའ་ཡས། 20.འོད་དཔལ། 21.མྱ་ངན་མེད་པའི་དཔལ། 22.སྲེད་མེད་ཀྱི་བུ། 23.མེ་ཏོག་དཔལ། 24.དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། 25.དེ་བཞིན་གཤེགས་པ་པད་མའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། 26.ནོར་དཔལ། 27.དྲན་པའི་དཔལ། 28.མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས། 29.དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ། 30.ཤིན་ཏུ་རྣམ་པར་གནོན་པའི་དཔལ། 31.གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ། 32.རྣམ་པར་གནོན་པས་གཤེགས་པ། 33.ཀུན་ནས་སྣང་བ་བཀོད་པའི་དཔལ། 34.རིན་ཆེན་པད་མས་རྣམ་པར་གནོན་པ། 35.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མོ་ལ་རབ་ཏུ་བཞུགས་པའི་རི་དབང་གི་རྒྱལ་པོ་བཅས་སོ། །

Tibetan Source 《དཀོན་བརྩེགས་ཅ་པ་》ཤ་229བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number