11231

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་སུམ་ཅུ་རྩ་དྲུག
Tibetan Alternate
Tibetan Definition དེ་ཡང་། ལས་གདགས་པ་ལས་བྱུང་བ་སྟེ།

1.སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བཅུ་ནི། (1)འཇིག་ཚོགས་ལ་ལྟ་བ། (2)མཐར་འཛིན་པར་ལྟ་བ། (3)སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ། (4)ལྟ་བ་མཆོག་ཏུ་འཛིན་པ། (5)ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ། (6)ཐེ་ཚོམ། (7)འདོད་ཆགས། (8)ཁོང་ཁྲོ་བ། (9)ང་རྒྱལ། (10)མ་རིག་པའོ། ། 2.ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བདུན་ནི། (1)ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ། (2)ལྟ་བ་མཆོག་ཏུ་འཛིན་པ། (3)ཐེ་ཚོམ། (4)འདོད་ཆགས། (5)ཁོང་ཁྲོ་བ། (6)ང་རྒྱལ། (7)མ་རིག་པའོ། ། 3.འགོག་པ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲའོ། ། 4.ལམ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བརྒྱད་ནི། (1)ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ། (2)ལྟ་བ་མཆོག་ཏུ་འཛིན་པ། (3)ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ། (4)ཐེ་ཚོམ། (5)འདོད་ཆགས། (6)ཁོང་ཁྲོ་བ། (7)ང་རྒྱལ། (8)མ་རིག་བའོ། ། 5.སྒོམ་པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་བཞི་ནི། (1)སྒོམ་པས་སྤང་བར་བྱ་བའི་འདོད་ཆགས། (2)ཁོང་ཁྲོ་བ། (3)ང་རྒྱལ། (4)མ་རིག་པའོ། ། །

Tibetan Source 《མདོ་ར་པ་》ཤ་409བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number