11241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.དྲན་པ་ཉེ་བར་གཞག་པ་བཞི་ནི། (1)ལུས་དྲན་པ་ཉེ་བར་གཞག་པ། (2)ཚོར་བ་དྲན་པ་ཉེ་བར་གཞག་པ། (3)སེམས་དྲན་པ་ཉེ་བར་གཞག་པ། (4)ཆོས་དྲན་པ་ཉེ་བར་གཞག་པའོ། ། 2.ཡང་དག་པའི་སྤོང་བ་བཞི་ནི། (1)མ་སྐྱེས་པའི་མི་དགེ་བ་མི་སྐྱེད་པའི་ཕྱིར་འདུན་པ། (2)སྐྱེས་པའི་མི་དགེ་བ་རྣམས་སྤང་བའི་ཕྱིར་འདུན་པ། (3)མ་སྐྱེས་པའི་དགེ་བ་རྣམས་བསྐྱེད་པའི་ཕྱིར་འདུན་པ། (4)སྐྱེས་པའི་དགེ་བ་རྣམས་སྤེལ་བའི་ཕྱིར་འདུན་པའོ། ། 3.རྫུ་འཕྲུལ་གྱི་རྐང་པ་བཞི་ནི། (1)འདུན་པ་རྫུ་འཕྲུལ་གྱི་རྐང་པ། (2)བརྩོན་འགྲུས་རྫུ་འཕྲུལ་གྱི་རྐང་པ། (3)སེམས་རྫུ་འཕྲུལ་གྱི་རྐང་པ། (4)དཔྱོད་པ་རྫུ་འཕྲུལ་གྱི་རྐང་པའོ། ། དེ་ལ་བར་དུ་སྤོང་བའི་འདུ་བྱེད་བརྒྱད་ནི། [1]འདུན་པ། [2]བརྩོན་འགྲུས། [3]དད་པ། [4]ཤིན་ཏུ་སྦྱངས་པ། [5]དྲན་པ། [6]ཤེས་བཞིན། [7]སེམས་པ། [8]བཏང་སྙོམས་སོ། ། 4.དབང་པོ་ལྔ་ནི། (1)དད་པའི་དབང་པོ། (2)བརྩོན་འགྲུས་ཀྱི་དབང་པོ། (3)དྲན་པའི་དབང་པོ། (4)ཏིང་ངེ་འཛིན་གྱི་དབང་པོ། (5)ཤེས་རབ་ཀྱི་དབང་པོའོ། ། 5.སྟོབས་ལྔ་ནི། (1)དད་པའི་སྟོབས། (2)བརྩོན་འགྲུས་ཀྱི་སྟོབས། (3)དྲན་པའི་སྟོབས། (4)ཏིང་ངེ་འཛིན་གྱི་སྟོབས། (5)ཤེས་རབ་ཀྱི་སྟོབས་སོ། ། 6. བྱང་ཆུབ་ཀྱི་ཡན་ལག་བདུན་ནི། (1)དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (2)ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (3)བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག (4) དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག (5)བག་ཡངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག (6)ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག (7)བཏང་སྙོམས་ཡོང་དག་བྱང་ཆུབ་ཀྱི་ཡན་ལག་གོ ། 7.འཕགས་པའི་ལམ་ཡན་ལག་བརྒྱད་ནི། (1)ཡང་དག་པའི་ལྟ་བ། (2)ཡང་དག་པའི་རྟོག་པ། (3)ཡང་དག་པའི་ངག (4)ཡང་དག་པའི་ལས་ཀྱི་མཐའ། (5)ཡང་དག་པའི་འཚོ་བ། (6)ཡང་དག་པའི་རྩོལ་བ། (7)ཡང་དག་པའི་དྲན་པ། (8)ཡང་དག་པའི་ཏིང་ངེ་འཛིན་བཅས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་249བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number