11243

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཕྱོགས་སོ་བདུན།
Tibetan Alternate
Tibetan Definition ཁག་གཉིས་པ། མཛོད་ལས། ལས་ནི་དང་པོ་བ་དག་དང་། ། ངེས་འབྱེད་ཆ་མཐུན་རྣམས་དང་ནི། ། མཐོང་དང་སྒོམ་ལམ་རབ་ཏུ་ཕྱེ། ། ཞེས་གསུངས་པ་ལྟར་མཛོད་གནས་དྲུག་པ་ལས་བྱུང་བ་སྟེ།

1.དྲན་པ་ཉེར་བཞག་བཞི་ཚོགས་ལམ་ནས། 2.ཡང་དག་སྤོང་བ་བཞི་དྲོད། 3.རྫུ་འཕྲུལ་གྱི་རྐང་པ་བཞི་རྩེ་མོ། 4.དབང་པོ་ལྔ་བཟོད་པ། 5.སྟོབས་ལྔ་ཆོས་མཆོག 6.བྱང་ཆུབ་ཡན་ལག་བདུན་སྒོམ་ལམ། 7.འཕགས་ལམ་ཡན་ལག་བརྒྱད་མཐོང་ལམ་ནས་ཐོབ། སྐྱེ་རིམ་ཡང་དེ་ལྟར་སྔ་མ་སྔ་མ་ལས་ཕྱི་མ་སྐྱེ་དགོས་གསུངས། ཐེག་ཆེན་པས་ནི། 1.དྲན་པ་ཉེར་བཞག་ཚོགས་ལམ་ཆུང་ངུ་ནས། 2.ཡང་དག་སྤོང་བཞི་ཚོགས་ལམ་འབྲིང་ནས། 3.རྫུ་འཕྲུལ་རྐང་བཞི་ཚོགས་ལམ་ཆེན་པོ་ནས། 4.དད་སོགས་དབང་པོ་ལྔ་དྲོད་དང་རྩེ་མོ་ནས། 5.དད་སོགས་སྟོབས་ལྔ་བཟོད་པ་དང་ཆོས་མཆོག་ནས། 6.འཕགས་ལམ་ཡན་ལག་བརྒྱད་མཐོང་ལམ་ནས། 7.བྱང་ཆུབ་ཡན་ལག་བདུན་སྒོམ་ལམ་ནས་ཐོབ་པ་དང་། ཇི་ལྟར་སྐྱེ་བའི་རིམ་པ་ཡང་ཡིན་ཏེ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ནི། ། ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། ། ཞེས་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་591.16ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number