11244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྦྱིན་པ་བྱིན་པར་བྱེད་པ་རྣམ་པ་སུམ་ཅུ་རྩ་བདུན།
Tibetan Alternate
Tibetan Definition དེ་ཡང་། མདོ་ཀུན་ལས་བཏུས་པ་ཆེན་པོ་ལས་བྱུང་བ་སྟེ།

1.སེར་སྣ་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་པ། 2.དེ་བཞིན་གཤེགས་པས་རྗེས་སུ་གནང་བའི་སྦྱིན་པ་སྦྱིན་པ། 3.དངོས་པོ་གསུམ་ཡོངས་སུ་དག་པར་རུང་བའི་སྦྱིན་པ་སྦྱིན་པ། 4.རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བས་གུས་པས་སྦྱིན་པ་སྦྱིན་པ། 5.སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་གིས་སྦྱིན་པ་སྦྱིན་པ། 6.རྣམ་པར་སྨིན་པ་གཏོང་བ་ལ་ལོངས་སྤྱོད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་རྟག་ཏུ་སྦྱིན་པ་སྦྱིན་པ། ། 7.གཟུགས་བཟང་བ་ཡང་དག་པར་འགྲུབ་པར་ཁ་དོག་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ། 8.གྲགས་པ་ཕུན་སུམ་ཚོགས་པ་ཡང་དག་པར་འགྲུབ་པར་དྲི་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ། 9.རྣམ་པར་སྨིན་པ་རོ་བྲོ་བའི་མཆོག་མཁྱེན་པའི་དཔེ་བྱད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་རོ་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ། 10.རྣམ་པར་སྨིན་པ་ལ་ལོངས་སྤྱོད་རྒྱ་ཆེ་བའི་རྙེད་པ་ཡང་དག་པར་འགྲུབ་པར་རྒྱ་ཆེ་བའི་སྦྱིན་པ་སྦྱིན་པ། 11.རྣམ་པར་སྨིན་པ་གྱ་ནོམ་པའི་ལོངས་སྤྱོད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་གྱ་ནོམ་པའི་སྦྱིན་པ་སྦྱིན་པ། 12.རྣམ་པར་སྨིན་པ་བཀྲེས་པ་དང་སྐོམ་པ་སེལ་བའི་རྙེད་པ་ཡང་དག་པར་འགྲུབ་པར་བཟའ་བའི་སྦྱིན་པ་སྦྱིན་ 13.རྣམ་པར་སྨིན་པ་སྲིད་པ་ཐམས་ཅད་དུ་སྐོམ་པ་སེལ་བའི་རྙེད་པ་ཡང་དག་པར་འགྲུབ་པར་སྐོམ་གྱི་སྦྱིན་པ་སྦྱིན་པ། 14.རྣམ་པར་སྨིན་པ་གྱ་ནོམ་པའི་གོས་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་གོས་ཀྱི་སྦྱིན་པ་སྦྱིན་པ། ། 15.རྣམ་པར་སྨིན་པ་བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁང་བཟང་དང་། ཁང་པ་དང་། གཞལ་མེད་ཁང་གི་རྙེད་པ་ཡང་དག་པར་འགྲུབ་པར་ཁྱིམ་གྱི་སྦྱིན་པ་སྦྱིན་པ། 16.རྣམ་པར་སྨིན་པ་རིགས་མཐོན་པོའི་རིགས་དང་ལྡན་པའི་རྙེད་པ་ཡང་དག་པར་འགྲུབ་པར་མལ་དང་སྟན་གྱི་སྦྱིན་པ་སྦྱིན་པ། 17.མྱ་ངན་ལས་འདས་པ་རྒ་བ་མེད་པ་འཆི་བ་མེད་པ་མྱ་ངན་མེད་པ་མ་འདྲེས་པའི་རྙེད་པ་ཡང་དག་པར་འགྲུབ་པར་སྨན་གྱི་སྦྱིན་པ་སྦྱིན་པ། 18.རྫུ་འཕྲུལ་གྱི་རྐང་པ་བཞིའི་རྙེད་པ་ཡང་དག་པར་འགྲུབ་པར་བཞོན་པའི་སྦྱིན་པ་སྦྱིན་པ། 19.རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་རྙེད་པ་ཡང་དག་པར་འགྲུབ་པར་ཁྲུས་ཀྱི་སྦྱིན་པ་སྦྱིན་པ། 20.རྣམ་པར་སྨིན་པ་སྐྱེ་བ་རྗེས་སུ་དྲན་པའི་རྙེད་པ་ཡང་དག་པར་འགྲུབ་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ། 21.རྣམ་པར་སྨིན་པ་ལྷའི་བདེ་བའི་རྙེད་པ་ཡང་དག་པར་འགྲུབ་པར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སྦྱིན་པ་སྦྱིན་པ། 22.གནོད་སེམས་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པར་བྱམས་པ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ། 23.རྣམ་པར་འཚེ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པར་སྙིང་རྗེ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ། 24.མི་དགའ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པར་དགའ་བ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ། 25.རྣམ་པར་སྨིན་པ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པའི་རྙེད་པ་ཡང་དག་པར་འགྲུབ་པར་བཏང་སྙོམས་ལ་བརྟེན་པའི་སྦྱིན་པ་སྦྱིན་པ། 26.རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་རྙེད་པ་ཡང་དག་པར་འགྲུབ་པར་མེ་ཏོག་གི་སྦྱིན་པ་སྦྱིན་པ། 27.རྣམ་པར་སྨིན་པ་འགྲོ་བ་ཀུན་དུ་ལུས་དྲི་ཞིམ་པའི་རྙེད་པ་ཡང་དག་པར་འགྲུབ་པར་བདུག་སྤོས་སྣ་ཚོགས་པའི་སྦྱིན་པ་སྦྱིན་པ། 28.རྣམ་པར་སྨིན་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རྣམ་པར་དག་པའི་རྙེད་པ་ཡང་དག་པར་འགྲུབ་པར་ཕྲེང་བའི་སྦྱིན་པ་སྦྱིན་པ། 29.རྣམ་པར་སྨིན་པ་གྱ་ནོམ་པའི་དྲིའི་ལུས་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་དྲིའི་སྦྱིན་པ་སྦྱིན་པ། 30.རྣམ་པར་སྨིན་པ་འགྲོ་བ་ཐམས་ཅད་དུ་དབང་བསྐུར་བའི་རྒྱལ་སྲིད་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་དར་དང་བ་དན་གྱི་སྦྱིན་པ་སྦྱིན་པ། 31.རྣམ་པར་སྨིན་པ་ལྷའི་མིག་དང་རྫུ་འཕྲུལ་གྱི་རྙེད་པ་ཡང་དག་པར་འགྲུབ་པར་མར་མེའི་སྦྱིན་པ་སྦྱིན་པ། 32.རྣམ་པར་སྨིན་པ་དབྱངས་སྙན་པའི་རྙེད་པ་ཡང་དག་པར་འགྲུབ་པར་དྲིལ་བུའི་སྦྱིན་པ་སྦྱིན་པ། 33.རྣམ་པར་སྨིན་པ་ཚངས་པའི་དབྱངས་ཀྱི་སྒྲའི་རྙེད་པ་ཡང་དག་པར་འགྲུབ་པར་རོལ་མོའི་སྦྱིན་པ་སྦྱིན་པ། 34.རྣམ་པར་སྨིན་པ་འགྲོ་བ་ཐམས་ཅད་དུ་དབང་ཕྱུག་གི་དངོས་པོའི་རྙེད་པ་ཡང་དག་པར་འགྲུབ་པར་གདུགས་ཀྱི་སྦྱིན་པ་སྦྱིན་པ། 35.རྣམ་པར་སྨིན་པ་བཟའ་བ་སྣ་ཚོགས་པའི་རྙེད་པ་ཡང་དག་པར་འགྲུབ་པར་སྣ་ཚོགས་པའི་སྦྱིན་པ་སྦྱིན་པ། 36.རྣམ་པར་སྨིན་པ་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྙེད་པ་ཡང་དག་པར་འགྲུབ་པར་རེ་བ་མེད་པ་ལ་བརྟེན་པའི་སྦྱིན་པ་སྦྱིན་པ། 37.རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྙེད་པ་ཡང་དག་པར་འགྲུབ་པར་བདོག་པ་ཐམས་ཅད་གཏོང་བའི་སྦྱིན་པ་སྦྱིན་པ་བཅས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་གི་པ་》ཤ་188བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number