11262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྨན་དཔྱད་ཀྱི་ཆོ་ག་རྣམ་པ་བཞི་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བ་སྟེ།

1.-3.བྱིས་པའི་ཆོ་ག་ཞེས་བྱ་བ་ནི་བྱིས་པ་བཙས་མ་ཐག་པའི་ཚེ་ནས་དཔྱད་དང་ཆོ་གར་བྱ་བའི་རིམ་པ་རྣམ་གསུམ། 4.བྱིས་པའི་ནད་མི་འབྱུང་བར་བྱ་བ། 5.ནུ་ཞོའི་དཔྱིད། 6.བྱིས་པ་གདོན་གྱིས་བཏབ་ན་གསོ་བའི་ཆོ་ག 7.སྨན་བཏང་བའི་ཐབས། 8.མི་ཆེན་པོའི་གདོན་གྱིས་བཏབ་ན་གདོན་གྱི་དམིགས་ཤེས་པ། 9.གདོན་ནད་བསལ་བའི་ཆོ་ག 10.སྨྱོ་བའི་ནད་བསལ་བ། 11.བརྗེད་བྱེད་ཀྱི་ནད་བསལ་བ། 12.-14.རྫི་མ་དང་། མིག་དང་། མཚུའི་ནད་ངོ་ཤེས་པ། 15.ནད་དམིགས་བསལ་བ། 16.མིག་གི་མཐའ་མའི་གྲ་མཚམས་དང་། མིག་གི་འབྲས་བུའི་ནད་དམིགས་བརྟགས་པ། 17.ནད་ངོ་སོ་སོར་བསལ་བའི་ཆོ་ག 18.མིག་རབ་རིབ་ཏུ་གྱུར་ཏེ་མི་མཐོང་བའི་ནད་དམིགས་བརྟག་པ་དང་། ནད་གསོ་བའི་ཆོ་ག 19.མིག་གིས་མཐོང་བ་ཉམས་པའི་ནད་གསོ་བའི་ཆོ་ག 20.མིག་ནད་སྣ་ཚོགས་ཀྱི་ནད་དམིགས་བརྟག་པ། 21.མིག་ནད་གསོ་བའི་ཆོ་ག 22.རྣ་ནད་ཀྱི་དམིགས་བརྟག་པ། 23.རྣ་ནད་གསོ་བའི་ཆོ་ག 24.སྣ་ནད་ཀྱི་དམིགས་བརྟག་པ། 25.སྣ་ནད་གསོ་བ། 26.ཁ་ནད་ཀྱི་དམིགས་བརྟག་པ། 27.ཁ་ནད་གསོ་བའི་ཆོ་ག 28.མགོ་ནད་ཀྱི་དམིགས་གང་ཡིན་པ་བརྟག་པ། 29.རྨ་རྙིང་གསོ་བའི་ཆོ་ག 30.རྨ་གསར་པ་གསོ་བའི་ཆོ་ག 31. རྐང་ལག་ཆག་གྲུགས་སུ་གྱུར་པ་གསོ་བ། 32.མཚན་པར་བརྡོལ་བའི་ནད་དམིགས་བརྟག་ཅིང་གསོ་བའི་ཆོ་ག 33.འབྲས་དང་ཐོར་བུ་ལ་སོགས་པ་ནད་དམིགས་བརྟག་པ་དང་། གསོ་བའི་ཆོ་ག 34.འབྲུམ་བུ་ཕྲ་མོའི་ནད་དམིགས་བརྟག་པ་དང་། གསོ་བའི་ཆོ་ག 35.གསང་བའི་གནས་ཀྱི་ནད་དམིགས་བརྟག་པ་དང་། གསོ་བའི་ཆོ་ག 36.དུག་ནད་སྣ་ཚོགས་ཀྱི་དམིགས་བརྟག་ཅིང་གསོ་ བའི་ཆོ་ག 37.སྦྲུལ་གདུག་པས་ཟིན་པའི་ནད་གསོ་བ། 38.སྲིན་བུ་གདུག་པས་ཟིན་པ་བྱི་བ་ལ་སོགས་པའི་གདུག་པས་ཟིན་པ་སོ་སོའི་གསོ་བའི་ཆོ་ག 39.ནད་མེད་ཅིང་རྒས་སྲ་བའི་བཅུད་ལེན་སྦྱར་བའི་ཆོ་ག 40.བུ་མེད་པ་ལ་ས་བོན་གསོ་ཞིང་རོ་ཙ་བའི་ཆོ་ག་ བཅས་སོ། །

Tibetan Source 《བསྟན་འགྱུར་གསོ་རིག་ཧེ་པ་》ཤ་341ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number