11273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ཅན་མངལ་དུ་འཇུག་པའི་རྐྱེན་ཞེ་གསུམ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་ཕྲན་ཚེགས་ལས་བྱུང་བ་སྟེ།

1.འདི་ན་ཕ་དང་མ་ཆགས་པར་གྱུར་ཅིང་འདུས་པ་དང་། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པར་གྱུར་པ། 2.དྲི་ཟ་ཡང་ཉེ་བར་གནས་ཤིང་འཇུག་པར་འདོད་པར་གྱུར་པ། 3.ཕ་དང་མ་ལས་ཀྱང་ཁུ་བ་བྱུང་བ། 4.ཕ་དང་མ་དག་པར་ཡང་གྱུར་པ། 5.དེའི་ཚེ་མའི་མངལ་རླུང་གིས་གགས་པར་མ་གྱུར་པ། 6.མཁྲིས་པས་མ་འགགས་པ། 7.བད་ཀན་གྱིས་མ་འགགས་པ། 8.ཁྲག་གིས་མ་འགགས་པ། 9.ཚིལ་གྱིས་མ་འགགས་པ། 10.མཚམས་ཤས་གང་བ་མ་ཡིན་པ། 11.སྨན་གྱིས་མ་བསྒྱུར་པ། 12.དབུས་ནས་འདྲ་བ་མ་ཡིན་པ། 13.གྲོག་མོའི་རྐེད་པ་འདྲ་བ་མ་ཡིན་པ། 14.རྔ་མོའི་ཁ་ལྟ་བུ་མ་ཡིན་པ། 15.སྒོ་ཤིང་འབའ་ཏ་ཁ་འབུས་པ་ལྟ་བུ་མ་ཡིན་པ། 16.སྒོ་གཤོལ་མདའ་ལྟ་བུ་མ་ཡིན་པ། 17.སྦ་ལྟ་བུ་མ་ཡིན་པ། 18.སྒོ་ཤིང་རྟ་ལྟ་བུ་མ་ཡིན་པ། 19.ལོ་མ་ལྟ་བུ་མ་ཡིན་པ། 20.ནང་དུ་གྲ་མ་ལྟ་བུ་སྐྱེས་པ་མ་ཡིན་པ། 21.འོག་ཟབ་པ་མ་ཡིན་པ། 22.སྟེང་ཟབ་པ་མ་ཡིན་པ། 23.མང་ལ་སྣོད་དུ་མི་རུང་བ་མ་ཡིན་པ། 24.ཁྲག་ཟག་པ་མ་ཡིན་པ། 25.ཐུང་བ་མ་ཡིན་པ། 26.བྱ་རོག་གི་མཆུ་ལྟ་བུ་མ་ཡིན་པ། 27.གཡོན་ཡངས་པ་མ་ཡིན་པ། 28.གཡས་ཡངས་པ་མ་ཡིན་པ། 29.སྟེང་ཡངས་པ་མ་ཡིན་པ། 30.འོག་ཡངས་པ་མ་ཡིན་པ། 31.མཐོ་བ་མ་ཡིན་པ། 32.དམའ་བ་མ་ཡིན་པ། 33.ཁས་བུབ་པ་མ་ཡིན་པ། 34.མཚན་མ་ཙམ་ཡོད་པ་མ་ཡིན་པ། 35.ཡོ་བ་མ་ཡིན་པ། 36.སྐྱོན་དང་བཅས་པ་མ་ཡིན་པ། 37.བསྐ་བས་མ་བསྒྱུར་པ། 38.སྲོག་ཆགས་བེར་ས་ཀས་ཟོས་པར་མ་གྱུར་པ། 39.ཕ་དང་མ་དག་དབང་ཆེ་བར་གྲགས་ན། དྲི་ཟ་(སྲིད་པ་བར་མ་བ་)ཡང་དབང་ཆེ་བར་གྲགས་པ། 40.ཕ་དང་མ་དབང་ཆུང་བར་གྲགས་ན། དྲི་ཟ་ཡང་དབང་ཆུང་བར་གྲགས་པ། 41.ཐམས་ཅད་དབང་ཆེ་བར་གྱུར་ལ། ཕ་དང་མ་དག་གིས་ཀྱང་བུ་རྙེད་པར་འགྱུར་བའི་བྱས་ཤིང་བསགས་པར་གྱུར་པ། 42.དྲི་ཟས་ཀྱང་ཕ་མར་གྱུར་པའི་ལས་བྱས་ཤིང་བསགས་པར་གྱུར་པ། 43.དྲི་ཟས་སེམས་གཉིས་པོ། ཕོའི་སེམས་སམ། མོའི་སེམས་ལས་སེམས་གང་ཡང་རུང་བ་ཞིག་ཉེ་བར་བཞག་ན། མའི་མངལ་དུ་འཇུག་པར་འགྱུར་རོ། །

Tibetan Source 《འདུལ་བ་ཐ་པ་》ཤ་196ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number