11278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕྱིར་མི་ལྡོག་པའི་རྟགས་བཞི་བཅུ་ཞེ་བཞི།
Tibetan Alternate
Tibetan Definition དེ་ཡང་།

དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཡིན་མིན་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་མངོན་འགྱུར་བ་དང་བྲལ་བ་གང་ཞིག བདེན་ཞེན་མངོན་འགྱུར་བ་ལྡོག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་དགེ་འདུན་གྱི་མཚན་ཉིད། ཕྱིར་མི་ལྡོག་པའི་རྟགས་བཞི་བཅུ་ཞེ་བཞི་ཡོད་པ་དེ་ལ་དབྱེ་ན། 1.སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ། 2.མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག 3.སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བརྒྱད་བཅས་སོ། ། རྫས་སྤྱི་དང་ཉིས་མགོ་བཅད་ན་རྟགས་ཞེ་བཞི་པོ་ཐམས་ཅད་ཐོབ་པའི་བྱང་སེམས་མི་ཡོང་སྟེ། ཉི་ཤུ་ནི་བྱང་སེམས་དབང་རྣོན་གྱིས་ཐོབ་ལ། བཅུ་དྲུག་ནི་བྱང་སེམས་དབང་འབྲིང་གིས་ཐོབ་ཅིང་། བརྒྱད་ནི་བྱང་སེམས་དབང་རྟུལ་གྱིས་ཐོབ་རྒྱུའི་རྟགས་སུ་བཞག་པའོ། ། སྦྱོར་ལམ་གྱི་རྟགས་ཉི་ཤུ་ཡང་། བྱང་སེམས་ཤིན་ཏུ་དབང་རྣོན་གྱིས་དྲོད་ཀྱི་སྐབས་སུ་རྟགས་བཅུ་གཅིག་དབང་རྣོན་འབྲིང་གིས་རྩེ་མོའི་གནས་སྐབས་སུ་རྟགས་དྲུག དབང་རྣོན་ཐ་མས་བཟོད་པའི་སྐབས་སུ་རྟགས་གཉིས། དབང་རྣོན་ཐམས་ཅད་ཀྱིས་ཐོབ་རྒྱུ་ཆོས་མཆོག་གི་སྐབས་སུ་སངས་རྒྱས་པའི་སྤྱོད་པའི་རྟགས་གཅིག་དང་ཉི་ཤུའོ། ། ས་མཚམས་ཐེག་ཆེན་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་251.21ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number