11279

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕྱིར་མི་ལྡོག་པའི་རྟགས་བཞི་བཅུ་རྩ་བཞི།
Tibetan Alternate
Tibetan Definition 1.སྦྱོར་ལམ་གྱི་རྟགས་ཉི་ཤུ་སྟེ། དྲོད་ཀྱི་རྟགས་བཅུ་གཅིག རྩེ་མོའི་རྟགས་དྲུག བཟོད་པའི་གཉིས། ཆོས་མཆོག་གི་གཅིག་ཡིན་པ་དེ་ཡང་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་ལྡོག་པ། སྐྱབས་གནས་ལ་ཐེ་ཚོམ་མངོན་གྱུར་ཟད་པ། མི་དལ་བ་བརྒྱད་དུ་སྐྱེ་བ་ཟད་པ། སྙིང་རྗེས་བདག་དང་གཞན་དགེ་བའི་ཆོས་ལ་སྦྱོར་བ། སེམས་ཅན་གཞན་གྱི་རྟེན་ཅན་ལ་སྦྱིན་པ་ལ་སོགས་སྒོམ་པ། ཟབ་མོའི་དོན་ལ་སོམ་ཉི་མེད་པ། བྱམས་པས་ཟིན་པའི་ལུས་ངག་ཡིད་ཀྱི་ལས་དང་ལྡན་པ། འདོད་པ་ལ་འདུན་པ་སོགས་སྒྲིབ་པ་ལྔ་དང་རྒྱུན་དུ་མི་འགྲོགས་པ། མ་རིག་པ་དང་ལྟ་བའི་བག་ལ་ཉལ་ཀུན་འཇོམས་པ། སྤྱོད་ལམ་ཀུན་ལ་དྲན་ཤེས་ཤེས་བཞིན་དང་ལྡན་པ། གོས་སོགས་ལོངས་སྤྱོད་ཀྱི་སྤྱོད་པ་གཙང་བ། ལུས་ལ་སྲིན་འབུའི་རིགས་མི་འབྱུང་བ། གྱ་གྱུ་མེད་པའི་སེམས་དང་ལྡན་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལེན་ཅིང་སྤྱོད་པ། ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དྲུག་མེད་པ། ཆོས་ཉིད་དང་མི་འགལ་བར་ཤེར་ཕྱིན་དང་ལྡན་པར་འགྲོ་བ་ཉིད། སེམས་ཅན་གཞན་གྱི་དམྱལ་བ་འཚོལ་ཞིང་འདོད་པ། གཞན་གྱིས་དམན་ལམ་དུ་བཀྲི་བར་མི་བཏུབ་པ། ལམ་གཞན་ཉེ་བར་སྟོན་པའི་འདུད་པའི་བདུད་ལ་བདུད་དུ་རྟོགས་པ། ཀུན་སྤྱོད་ཀུན་ལ་སངས་རྒྱས་དགེས་པའམ་དགྱེས་པའི་སྤྱོད་པ་དང་ལྡན་པའོ། །

2.མཐོང་ལམ་གྱི་རྟགས་བཅུ་དྲུག་པོ་བཞི་བཞི་རིམ་པ་བཞིན་བདེན་བཞིའི་ཤེས་བཟོད་སྐད་ཅིག་མ་བཞི་བཞིའི་ལག་རྗེས་ཡིན་པ་དེར་ཡང། གཟུགས་སོགས་སུ་འདུ་ཤེས་པའི་ཡུལ་ཅན་ལ་བདེན་པར་ཞེན་པའི་མཐོང་སྤངས་ལྡོག་པ། བྱང་ཆུབ་ཀྱི་སེམས་བརྟན་པ། ཐེག་པ་དམན་པ་དག་ལས་སེམས་རྣམ་པར་ལོག་པ། བསམ་གཏན་གཟུགས་མེད་དུ་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ། ལུས་སེམས་ཡང་བའམ་བདེ་བ། འདོད་ཡོན་སྤྱོད་པའི་ཐབས་ལ་མཁས་པ། རྟག་ཏུ་འཁྲིག་པ་སྤངས་པས་ཚངས་པར་སྤྱོད་པ་ཉིད། འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད། ཕུང་ཁམས་སྐྱེ་མཆེད་དང་པོར་བདེན་པར་ཞེན་པ་སྦྱོར་བ། རྒྱུན་དུ་བདེན་པར་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ། དགེ་ཕྱོགས་ལ་བར་ཆད་བྱེད་པའི་ཆོས་ལ་དང་པོར་བདེན་པར་ཞེན་པ་སྦྱོར་བ། རྒྱུན་དུ་བདེན་པར་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ། བྱང་ཆུབ་ཀྱི་ཚོགས་རྐྱེན་སོགས་ལ་དང་པོར་བདེན་པར་ཞེན་པ་སྦྱོར་བ། རྒྱུན་དུ་བདེན་པར་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ། དབང་པོ་རྟེན་དང་བཅས་པ་འགོག་པ་ཤེས་རྗེས་སྤང་གཉེན་ཡུལ་འགྱེད་པས་བདེན་པར་ཞེན་པ་སྦྱོར་བ། རྒྱུན་དུ་སྦྱོར་བའི་གནས་པ་སོ་སོར་བཀག་པ། སེར་སྣ་དང་ཚུལ་འཆོས་སོགས་ལ་དང་པོར་བདེན་པར་ཞེན་པ་སྦྱོར་བ། རྒྱུན་དུ་བདེན་པར་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སེར་སྣ་སོགས་སོ་སོར་བཀག་པ། རྟོགས་པའི་ཆོས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པ། མཁྱེན་པ་གསུམ་རང་གི་ས་གསུམ་ལ་ཉེས་ཉིད་ཀྱིས་གནས་པ། རྣམ་མཁྱེན་སོགས་ཆོས་ཀྱི་དོན་དུ་སྲོག་གཏོང་བའོ། ། 3.སྒོམ་ལམ་གྱི་རྟགས་བརྒྱད་དེ་སྐྱེ་བའམ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ། དགག་པ་ཟབ་པ། དེ་བཞིན་ཉིད་ཟབ་པ། ཤེས་བྱ་ཟབ་པ། ཤེས་པ་ཟབ་པ། སྤྱོད་པ་ཟབ་པ། གཉིས་སུ་མེད་པ་ཟབ་པ། ཐབས་ལ་མཁས་པ་ཟབ་པ་དང་བརྒྱད་བཅས་སོ། །

Tibetan Source 《ཆོས་ཀྱི་རྣམ་གྲངས་བློ་གསལ་མགུལ་རྒྱན་》ཤ་265.16ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number