1128

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་སྐུ་ཞི་གནས་ཀྱི་ཡེ་ཤེས་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་ལྔ་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་ལས་བྱུང་བ་སྟེ།

1.ངོ་བོ་ནི། ཀ་དག་གི་ཡེ་ཤེས་རིག་པ་སྟོང་གསལ་དྲི་མ་མེད་པ་མཐར་ཐུག་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བས་དབྱིངས་དག་པ་གཉིས་ལྡན་གྱི་རང་བཞིན། སྐུ་གསུམ་གཉིས་སུ་མེད་པའི་འཆར་གཞིར་གནས་པ། 2.རང་བཞིན་ནི། ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གསལ་འོད་ཀྱི་འཆར་གཞིར་གནས་པས་ཞིང་དང་གཞལ་ཡས་ཁང་དང་འོད་ཟེར་ལ་སོགས་པར་སྣང་བས་གདུལ་བྱའི་རེ་བ་སྐོང་བ། ། 3.ཐུགས་རྗེ་ནི། ཀུན་ཁྱབ་ཀྱི་ཡེ་ཤེས་རང་གི་དུས་ན་སྤྲོས་པ་ཉེ་བར་ཞི་བས་ཡུལ་ལ་འཇུག་པའི་ཐ་སྙད་མེད་ཀྱང་མཁྱེན་པ་ཡེ་ཤེས་ཀུན་གྱི་འཆར་གཞིར་གནས་པས་དབྱིངས་དང་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་གཉིས་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་འབྱུང་བའི་ས་བོན་བྱེད་པའོ། །

Tibetan Source 《མདོ་རྒྱུད་མཛོད་ཞི་པ་》ཤ་522.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number