11282

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཉེས་བྱས་ཕྲ་བ་བཞི་བཅུ་རྩ་དྲུག
Tibetan Alternate
Tibetan Definition དེ་ཡང་། སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྡོམ་པ་ཉི་ཤུ་པར་གསུངས་པ་སྟེ། དགེ་བ་ཆོས་སྡུད་དང་འགལ་བ་སུམ་ཅུ་རྩི་བཞི་དང་། ། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་སོ།

1.དགེ་བ་ཆོས་སྡུད་དང་འགལ་བ་སུམ་ཅུ་རྩ་བཞི་ནི། དེ་ལ་སྡེ་ཚན་དྲུག་ལས། (1)སྦྱིན་པ་དང་འགལ་བ་བདུན་ནི། [1]དཀོན་མཆོག་གསུམ་ལ་མཆོད་མི་བྱེད། ། [2]འདོད་པའི་སེམས་ཀྱི་རྗེས་སུ་འཇུག ། [3]རྒན་པ་རྣམས་ལ་གུས་མི་བྱེད། ། [4]དྲིས་པ་ལ་ནི་ལན་མི་འདེབས། ། [5]མགྲོན་པོས་བདག་གིར་མི་བྱེད་ཅིང་། ། [6]གསེར་ལ་སོགས་པ་ལེན་མི་བྱེད། ། [7]ཆོས་འདོད་པ་ལ་སྦྱིན་མི་བྱེད། ། ཅེས་སོ། ། (2)ཚུལ་ཁྲིམས་དང་འགལ་བ་དགུ་ནི། [1]ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། ། [2]ཕ་རོལ་དད་ཕྱིར་སློབ་མི་བྱེད། ། [3]སེམས་ཅན་དོན་ལ་བྱ་བ་ཆུང་། ། [4]སྙིང་བརྩེར་བཅས་ན་མི་དགེ་མེད། ། [5]འཚོ་བ་ལོག་པ་དང་དུ་ལེན། ། [6]འཕྱར་ཕྱིར་རབ་ཏུ་རྒོད་པ་སོགས། ། [7]འཁོར་བ་གཅིག་པུས་བགྲོད་པར་སེམས། ། [8]གྲགས་པ་མ་ཡིན་མི་སྤོང་པ། ། [9]ཉོན་མོངས་བཅས་ཀྱང་ཆོས་མི་བྱེད། །ཅེས་སོ། ། (3)བཟོད་པ་དང་འགལ་བ་བཞི་ནི། ། [1]གཤེ་ལ་ལན་དུ་གཤེ་ལ་སོགས། ། [2]ཁྲོས་པ་རྣམས་ནི་ཡལ་བར་འདོར། ། [3]ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་། ། [4]ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག ། ཅེས་སོ། ། (4)བརྩོན་འགྲུས་དང་འགལ་བ་གསུམ་ནི། ། [1]བརྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། ། [2]ལེ་ལོ་ལ་སོགས་སེལ་མི་བྱེད། ། [3]ཆགས་པས་བྲེ་མོའི་གཏམ་ལ་བརྟེན། ། ཞེས་སོ། ། (4)བསམ་གཏན་དང་འགལ་བ་གསུམ་ནི། [1]ཏིང་ངེ་འཛིན་གྱི་དོན་མི་འཚོལ། ། [2]བསམ་གཏན་སྒྲིབ་པ་སྤོང་མི་བྱེད། ། [3]བསམ་གཏན་རོ་ལ་ཡོན་ཏན་བལྟ། ། ཞེས་སོ། ། (5)ཤེས་རབ་དང་འགལ་བ་བརྒྱད་ནི། [1]ཉན་ཐོས་ཐེག་པ་སྤོང་བར་བྱེད། ། [2]རང་ཚུལ་ཡོད་བཞིན་དེ་ལ་བརྩོན། ། [3]བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། ། [4]བརྩོན་པར་བྱས་ཀྱང་དེ་ལ་དགའ། ། [5]ཐེག་པ་ཆེན་པོ་སྤོང་བར་བྱེད། ། [6]བདག་ལ་བསྟོད་ཅིང་གཞན་ལ་སྨོད། ། [7]ཆོས་ཀྱི་དོན་དུ་འགྲོ་མི་བྱེད། ། [8]དེ་ལ་སྨོད་ཅིང་ཡི་གེར་རྟོན། ། ཞེས་སོ། ། 2.སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་ནི། དེ་ལ་སྡེ་ཚན་གསུམ་ལས། (1)གཞན་དོན་ལས་ཉམས་པའི་ཉེས་པ་བཞི་ནི། [1]དགོས་པའི་གྲོགས་སུ་འགྲོ་མི་བྱེད། ། [2]ནད་པའི་རིམ་གྲོ་བྱ་བ་སྤོང་། ། [3]སྡུག་བསྔལ་སེལ་བར་མི་བྱེད་དང་། ། ། [4]བག་མེད་པ་ལ་རིགས་མི་སྟོན། ། ཞེས་སོ། ། (2)གཞན་ལ་ཕན་མི་འདོགས་པའི་ཉེས་པ་དྲུག་ནི། [1]བྱས་ལ་ལན་དུ་ཕན་མི་འདོགས། ། [2]གཞན་གྱི་མྱ་ངན་སེལ་མི་བྱེད། ། [3]ནོར་འདོད་པ་ལ་སྦྱིན་མི་བྱེད། ། [4]འཁོར་རྣམས་ཀྱི་ནི་དོན་མི་བྱེད། ། [5]གཞན་གྱི་བློ་དང་མཐུན་མི་འཇུག ། [6]ཡོན་ཏན་བསྔགས་པ་སྨྲ་མི་བྱེད། ། ཅེས་སོ། ། (3)ངན་པ་ཚར་མི་གཅོད་པའི་ཉེས་པ་གཉིས་ནི། [1]རྐྱེན་དང་འཚམས་པར་ཚར་མི་གཅོད། ། [2]རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། ། ཅེས་སོ། ། དེ་ལྟར་བཞི་བཅུ་རྩ་དྲུག་པོ་འདི་དག་ཅི་རིགས་པར་གསུམ་གསུམ་དུ་ཕྱེ་ནས་བཤད་དེ། འགྲེལ་པར། གལ་ཏེ་མ་གུས་པ་དང་། སྙོམས་ལས་དང་། ལེ་ལོས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། ། སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །

Tibetan Source 《སྔ་འགྱུར་བཀའ་མའི་》གླེགས་བམ་ཇི་པ་ཤ་157ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number