11291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྩ་རྒྱུད་ཀྱི་ཡལ་གའི་བཞི་བཅུ་རྩ་བདུན།
Tibetan Alternate
Tibetan Definition 1.རྣམ་པར་མ་གྱུར་པའི་ལུས་ལ།

(1)ནད་ཀྱི་ཡལ་ག (2)ལུས་ཟུངས་ཀྱི་ཡལ་ག (3)དྲི་མའི་ཡལ་ག་གོ ། 2.རྣམ་པར་གྱུར་པའི་ནད་ལ། (1)རྒྱུའི་ཡལ་ག (2)རྐྱེན་གྱི་ཡལ་ག (3)འཇུག་སྒོའི་ཡོལ་ག (4)གནས་ཀྱི་ཡལ་ག (5)ལམ་གྱི་ཡལ་ག (6)ལྡང་དུས་ཀྱི་ཡལ་ག (7)འབྲས་བུའི་ཡལ་ག (8)ལྡོག་རྒྱུའི་ཡལ་ག (9)མདོ་དོན་བཤད་པའོ། ། 3.མིག་གིས་བལྟ་བ་ལ། (1)ལྕེའི་ཡལ་ག (2)ཆུའི་ཡལ་གའོ། ། 4.སོར་མོས་རེག་པ་རྩ་ལ། (1)རླུང་གི་ཡལ། (2)མཁྲིས་པའི་ཡལ་ག (3)བད་ཀན་གྱི་ཡལ་གའོ། ། 5.ངག་གིས་དྲི་བ་ལ། (1)སློང་རྐྱེན་གྱི་ཡལ་ག (2)ན་ལུགས་ཀྱི་ཡལ་ག (3)གོམས་པ་སྟེ་རླུང་མཁྲིས་བད་ཀན་དང་སྦྱར་བས་སོ། ། 6.ཟས་ལའང་ཟས་དང་སྐོམ་གཉིས་རེ་སྦྱར་བས། (1)རླུང་ལ་གཉིས། (2)མཁྲིས་པ་ལ་གཉིས། (3)བད་ཀན་ལ་གཉིས་བཅས་སོ། 7.སྤྱོད་ལམ་ལ། (1)རླུང་གི་ཡལ་ག (2)མཁྲིས་པའི་ཡལ་ག (3)བད་ཀན་གྱི་ཡལ་གའོ། ། 8.སྨན་ལ་རོ་ནུས་གཉིས་སྦྱར་བས། (1)རླུང་གི་ཡལ་ག་གཉིས། (2)མཁྲིས་པའི་ཡལ་ག་གཉིས། (3)བད་ཀན་གྱི་ཡལ་ག་གཉིས་བཅས་སོ། ། 9.རོ་ནུས་དེ་དག་དྲུག་ལ་སྦྱར་བས་ཞི་བྱེད་རྣམ་པ་དྲུག སྦྱོང་བྱེད་རེ་རེ་སྟེ་དཔྱད་ཀྱང་རེ་རེ་སྟེ་ཡལ་ག་གསུམ་བཅས་སོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་68.10ལེས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number