11300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རང་བཞིན་འགྱུར་བ་ལས་བྱུང་བའི་མཚན་ཉིད་ལྔ་བཅུ།
Tibetan Alternate
Tibetan Definition དེ་ཡང་། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས་བྱུང་བ་གྲངས་ཅན་པའི་འདོད་པ་སྟེ།

1.མགུ་བ་དགུ་ནི། (1)ཆུ། (2)ཆུ་རྒྱུན། (3)ཆུ་བོ། (4)ཆར་འབབ་པ། (5)ལེགས་པར་རྒལ་བ། (6)གཞན་མ་ཡིན་པ། (7)མིག་བཟང་བ། (8)འོད་ཅན། (9)ལུས་མཆོག་གོ ། 2.ཡེ་ཤེས་ལས་སྐྱེ་བའི་གྲུབ་པ་བརྒྱད་ནི། (1) སྒྲོལ་བ་པོ། (2)ལེགས་པར་སྒྲོལ་བ་པོ། (3)སྒྲོལ་བའི་མཐར་ཕྱིན་པ། (4)དགའ་བ། (5)རབ་ཏུ་དགའ་བ། (6)མགུ་བར་གྱུར་པ། (7)ཉམས་དགའ་བ། (8)མཆོག་ཏུ་དགའ་བ་ཞེས་བྱ་བའོ། ། 3.ནུས་པ་ཉི་ཤུ་རྩ་བརྒྱད་ལས་ནུས་པ་བཅུ་གཅིག་སྟེ། (1)དབང་པོ་ལ་གནོད་པས་འོན་པ། (2)མཛེ་ནད། (3)དམུས་ལོང་གི་ངོ་བོ། (4)བེམས་པོ་ཉིད། (5)དྲི་མི་ཞིམ་པ་ཉིད། (6)གྲུམ་པོ་ཉིད། (7)རྟུག་སྐམ་ཅན། (8)མ་ནིང་། (9)ལག་པ་ཉམས་པ། (10)ལྐུགས་པ། (11)ཤེས་པ་ཉམས་པའོ། ། ཡང་ཆུ་མ་ཡིན་པ་ལ་སོགས་པ་དགུ་ནི། (1)ཆུ་མ་ཡིན་པ། (2)ཆུ་རྒྱུན་མ་ཡིན་པ། (3)ཆུ་བོ་མ་ཡིན་པ། (4)ཆར་པ་འབབ་པ་མ་ཡིན་པ། (5)ལེགས་པར་རྒལ་བ་མ་ཡིན་པ། (6)གཞན་མ་ཡིན་པ་མ་ཡིན་པ། (7)བཟང་པོ་མ་ཡིན་པ། (8)འོད་ཅན་མ་ཡིན་པ། (9)ལུས་མཆོག་མ་ཡིན་པ་ཞེས་བྱ་བའི་བར་དུའོ། ། དེ་བཞིན་དུ་སྒྲོལ་བ་པོ་མ་ཡིན་པ་ལ་སོགས་པ་བརྒྱད་དེ། ལེགས་པར་སྒྲོལ་བ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་གྲུབ་པ་བརྒྱུད་ལ་གནོད་པ་སྟེ། ཤེས་པ་གང་དཔྱད་པ་བྱས་ནས་སྐྱེ་བ་མ་ཡིན་པ་དེ་ནི་སྒྲོལ་བ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཇི་སྲིད་གཡོ་སྒྱུ་དང་ལས་སུ་རུང་བ་དང་། སེར་སྣ་ལ་སོགས་པའི་དོན་མི་དམིགས་པ་ན་རྟག་ཏུ་དགའ་བ་མ་ཡིན་པ་ཞེས་བྱ་བའི་བར་དུ་སྟེ། འདི་དག་ནི་ནུས་པ་མ་ཡིན་ པ་ཞེས་བྱའོ། ། 4.ཕྱིན་ཅི་ལོག་པ་ལྔ་ནི། (1)མུན་པ། (2)རྨོངས་པ། (3)རྨོངས་པ་ཆེན་པོ། (4)ཤིན་ཏུ་མུན་པར་གྱུར་པ། (5)ཤིན་ཏུ་སྨག་ཏུ་གྱུར་པ་ཞེས་བྱ་བ་བཅས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་ཛ་པ་》ཤ་228ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number